- bkra shis rnam rgyal
- ID:
- T223736
- བཀྲ་ཤིས་རྣམ་རྒྱལ (Tibetan, Tibetan script, Original)
- > bkra shis rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མངའ་རིས་ལ་དྭགས་ཀྱི་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ནི་ཡབ་རྒྱལ་པོ་བྷ་གན་ལ་སྲས་གཉིས་བྱུང་བའི་ཆེ་བ་ལྷ་དབང་རྣམ་རྒྱལ་དང་། ཆུང་བ་བཀྲ་ཤིས་རྣམ་རྒྱལ་ཡིན། ཆུང་བ་གཡོ་སྒྱུ་ཆེ་ཞིང་སྲིད་དབང་ཐོབ་རྒྱུའི་དོན་དུ་རང་གི་གཅེན་པོ་ལྷ་དབང་རྣམ་རྒྱལ་གྱི་མིག་བཏོན་ནས་ལིངས་སྐེད་ས་ཆར་བཙུན་མོ་དང་མཉམ་དུ་བཙོན་ལ་བཅུག་སྟེ། རང་ཉིད་ཀྱིས་སྲིད་བཟུང་། (རྒྱ་གར་རྡི་ལི་ལ་དྭགས་ཞིབ་འཇུག་ཁང་གི་བཀྲ་ཤིས་རབ་རྒྱས་ཀྱིས་བསྒྲིགས་པའི《ལ་དྭགས་སྔོན་རབས》ལྕགས་དཔར་མ་ཤོག་གྲངས༡༥༠ཡིག་ཕྲེང་དང་པོའི་ནང་རྒྱལ་པོ་འདིས་སྤྱི་ལོ༡༥༠༠ནས༡༥༣༠བར་སྲིད་དབང་བཟུང་བར་བཤད་པ་ལྟར་ན། རབ་བྱུང་བརྒྱད་པའི་ལྕགས་སྤྲེལ་ནས་རབ་བྱུང་དགུ་པའི་ལྕགས་སྟག་བར་ཡིན་དགོས)རྒྱལ་པོ་འདིས་སྲིད་དབང་བཟུང་རིང་ལ་དྭགས་གླེའི་མཁར་བརྩིགས་ནས་མིང་ལ་རྣམ་རྒྱལ་རྩེ་མོ་ཞེས་བཏགས་ཤིང་། གཤམ་དུ་ཆུ་འབིའི་གྲོང་ཚོ་ཡང་བཏབ། མངའ་རིས་སྐོར་གསུམ་ལ་དམག་དྲངས། སེམས་ཅན་རྟ་གཡག་ར་ལུག་མང་པོ་ཕྲོགས་ཏེ་ལ་དྭགས་ལ་ཕྱིར་ལོག་བྱས། འོན་ཀྱང་རང་ཉིད་ལ་སྲིད་དབང་བརྒྱུད་འཛིན་བྱེད་པའི་བུ་མེད་སྟབས་གདུང་རྒྱུད་ཀྱི་ཆེད་དུ་རང་གི་གཅེན་པོ་ལོང་བ་ལ་བཙུན་མོ་ཞིག་བཞག་ཏེ། དེ་ལ་སྲས་གསུམ་བྱུང་། (༡ཚེ་དབང་རྣམ་རྒྱལ། ༢་རྣམ་རྒྱལ་མགོན་པོ། ༣འཇམ་དབྱངས་རྣམ་རྒྱལ)ཚེ་སྨད་ལ་སྔར་བྱས་ཀྱི་བྱ་བ་ངན་པ་རྣམས་དྲན་ནས་འགྱོད་པ་སྐྱེས་ཏེ་བཀའ་འགྱུར་ཆ་ཚང་བཞེངས་ཤིང་། དགོན་སྡེ་མང་པོར་བསྙེན་བཀུར་བྱས་པ་སོགས་ཞིབ་པར《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》ལྕགས་དཔར་མའི་ཤོག་གྲངས༡༨༩ནས༡༩༠བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
མངའ་རིས་ལ་དྭགས་ཀྱི་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ནི་ཡབ་རྒྱལ་པོ་བྷ་གན་ལ་སྲས་གཉིས་བྱུང་བའི་ཆེ་བ་ལྷ་དབང་རྣམ་རྒྱལ་དང་། ཆུང་བ་བཀྲ་ཤིས་རྣམ་རྒྱལ་ཡིན།
- language:
- Tibetan