- bkra shis byams snyoms kyi gtsug lag khang
- ID:
- T223739
- བཀྲ་ཤིས་བྱམས་སྙོམས་ཀྱི་གཙུག་ལག་ཁང (Tibetan, Tibetan script, Original)
- > bkra shis byams snyoms kyi gtsug lag khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi jam nyom kyi tsuklakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཁྲ་འབྲུག་གཙུག་ལག་ཁང་གི་མིང་སྟེ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་ཡར་ལུང་གཙང་པོའི་ལྷོ་ངོས་རྩེད་ཐང་གོང་པོ་རིའི་ལྷོ་ནུབ་མཚམས་སུ་གནས་ཡོད། དེ་སྔོན་སྤྱི་ལོའི་དུས་རབས་བདུན་པའི་དཀྱིལ་རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་མ་བཞེངས་གོང་དུ་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་སྤོར་ཐང་བརྒྱད་ཅུའི་སྐོར་གྱི་རྩིས་བྱས་པའི་རྩིས་འབྲས་ནས་བབས་པ་ལྟར་ལྷ་སའི་ཕྱོགས་བཞི་དང་། མཚམས་བཞི་བཅས་ལ་མཐའ་འདུལ་དང་། ཡང་འདུལ། རུ་གནོན་བཅས་ཀྱི་གཙུག་ལག་ཁང་བཅུ་བཏབ་པའི་ནང་ཚན་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་ལྷ་ཁང་འདི་ནི་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་བཞེངས་པའི་སྔ་ཤོས་ཡིན་ཅིང་། ལོ་རྒྱུས་ཐོག་བཤད་སྲོལ་ལ། ཐོག་མར་ཡར་ལུང་གི་ཕྱོགས་དེར་མཚོ་ཞིག་ཡོད་པ་དེར་ཀླུ་གདུག་པ་ཅན་ཞིག་གནས་པ་དེ་འདུལ་བའི་ཆེད་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་བོན་པོའི་སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་དང་། ཚེ་མི་སྣང་གྲགས་གཉིས་ལ་བཀའ་ཕབ་པ་ལྟར་སྔགས་པ་དེ་གཉིས་ཀྱིས་རྩེད་ཐང་གོང་པོ་རིའི་བྲག་ཕུག་ལྷོ་ནུབ་མཚམས་སུ་ཁ་གཏད་པ་དེང་སང་སྒྲུབ་ཁང་བྲག་ཕུག་དང་། ཁྱུང་གི་བྲག་ཕུག་ཟེར་བ་དེའི་ནང་དུ་ནམ་མཁའ་ལྡིང་བསྒྲུབས་ནས། ཀླུ་འདུལ་བའི་ཉིན་མི་ཧ་ཅང་མང་པོ་ཚོགས་པའི་དབུས་སུ་ཀླུ་འདུལ་བའི་ཆོ་ག་བྱས་པ་དང་། སྐབས་དེར་གནམ་ས་འགུལ་བའི་སྒྲ་ཆེན་པོ་ཞིག་བསྒྲགས་པ་དང་ཆབས་ཅིག་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་སྒྲོགས་པ་ཞིག་ནམ་མཁའ་ནས་འོངས་པ་དེས། མཚོའི་ནང་གི་ཀླུ་སྦྲུལ་མགོ་ལྔ་པའི་མགོ་བོ་ལྔ་ཀ་དུས་གཅིག་ཏུ་བཅད་ནས་བཏུལ། དེའི་ཤུལ་དུ་གཙུག་ལག་ཁང་བཞེངས་ཏེ། ཀླུ་འདུལ་མཁན་སྔགས་པ་གཉིས་ལ་དྲན་གསོ་ཞུ་ཆེད་གཙུག་ལག་ཁང་གི་མིང་ལ་ཁྲ་འབྲུག་ཅེས་བཏགས་པ་ཡིན་ཟེར་སྲོལ་ཡོད། ལྷ་ཁང་འདིའི་ལོ་རྒྱུས་ཞིབ་པ《རྒྱལ་རབས་གསལ་བའི་མེ་ལོང》དང《ཆོས་འབྱུང་མཁས་པའི་དགའ་སྟོན》ལེ་ཚན[ཇ]པའི་ནང་གསལ་ཞིང་། གཞན་ཡང་ལྷ་ཁང་འདིའི་དཀར་ཆག་རྒྱས་པ་ཞིག་ཡོད་ཚུལ་གོ་ཐོས་བྱུང་ཡང་ད་ཕན་ཁོ་བོས་མཇལ་མ་བྱུང་བས་དེ་རིགས་ཡོད་མེད་རྩད་གཅོད་བྱ་དགོས་སོ།
- language:
- Tibetan
2. Thupten Phuntsok Dictionary
ཁྲ་འབྲུག་གཙུག་ལག་ཁང་གི་མིང་སྟེ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་ཡར་ལུང་གཙང་པོའི་ལྷོ་ངོས་རྩེད་ཐང་གོང་པོ་རིའི་ལྷོ་ནུབ་མཚམས་སུ་གནས་ཡོད།
- language:
- Tibetan