- bkra shis lha phug dgon pa
- ID:
- T223744
- བཀྲ་ཤིས་ལྷ་ཕུག་དགོན་པ (Tibetan, Tibetan script, Original)
- > bkra shis lha phug dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi lha puk gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་བླ་བྲང་ཁག་གསུམ་གཅིག་ཏུ་བསྡོམས་པའི་དགོན་པ་ཞིག་ཡིན། ཐོག་མར་དགེ་རྩེ་ཆོས་ཀྱི་རྒྱལ་མཚན་ཞེས་པ་ས་སྐྱ་པའི་བླ་མ་ཞིག་གིས་ལྷ་ཕུག་བླ་བྲང་བཞེངས། དེ་རྗེས་ནང་སོ་ཆོས་རྗེ་ཞེས་པ་འབྲི་གུང་བཀའ་བརྒྱུད་ཀྱི་བླ་མ་ཞིག་གིས་ནག་ཟླ་བླ་བྲང་ཞེས་པ་བཞེངས། བཀའ་བརྒྱུད་པའི་ཆོས་བརྒྱུད་འཕེལ། དེ་རྗེས་བླ་མ་འཕྲིན་ལས་ཉི་མ་ཞེས་པས་བར་མ་བླ་བྲང་ངམ་ནག་སྒར་དགོན་པ་བཞེངས། དགའ་ལྡན་ཕོ་བྲང་གི་སྐབས་སུ་རྒྱལ་བ་ལྔ་པ་ཆེན་པོར་དགོན་དེར་ཕེབས་ནས་དགོན་པ་དགེ་ལུགས་པར་བསྒྱུར། ད་ལྟ་གྲུབ་མཐའ་དགེ་ལུགས་པ་ཡིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁོངས་སུ་ཡོད།
- language:
- Tibetan