Skip to main content Skip to search
rkyang mo kha ba
ID:
T223858
  • རྐྱང་མོ་ཁ་བ (Tibetan, Tibetan script, Original)
    • > rkyang mo kha ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyangmo khawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འགྲོ་མགོན་གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེའི་སློབ་མ་དང་པོར་ཆེ་བ་རྦ་རྐྱང་གཉིས་སུ་གྲགས་པའི་ནང་གསེས་ཤིག་སྟེ། ཐོག་མར་བདེ་བ་ཅན(སྙེ་ཐང་རྭ་བ་སྟོད)གྱི་དགེ་བཤེས་ཡིན་པ་ལ། འགྲོ་མགོན་གཙང་པ་རྒྱ་རས་གནམ་གྱི་འབྲུག་དགོན་པར(ལྷ་སའི་སྙེ་ཐང་ནས་ཉིན་ཕྱེད་སོང་བའི་ནུབ་ངོས་ཀྱི་ལུང་པའི་ཕུར་ཡོད)བཞུགས་སྐབས་མཇལ་ཏེ་གསང་སྔགས་ཀྱི་ཆོས་མང་དུ་གསན་ནས་སློབ་མར་གྱུར། བུར་ཞེས་པའི་ས་ཆར་རྐྱང་མོ་ཁ་སྒྲུབ་སྡེ་བཏབ་པར་མཛད།

language:
Tibetan

2. Thupten Phuntsok Dictionary

འགྲོ་མགོན་གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེའི་སློབ་མ་དང་པོར་ཆེ་བ་རྦ་རྐྱང་གཉིས་སུ་གྲགས་པའི་ནང་གསེས་ཤིག་སྟེ། ཐོག་མར་བདེ་བ་ཅན (སྙེ་ཐང་རྭ་སྟོད) གྱི་དགེ་བཤེས་ཡིན་པ་ལ།འགྲོ་མགོན་གཙང་པ་རྒྱ་རས་གནམ་གྱི་འབྲུག་དགོན་པར (ལྷ་སའི་སྙེ་ཐང་ནས་ཉིན་ཕྱེད་སོང་བའི་ནུབ་ངོས་ཀྱི་ལུང་པའི་ཕུར་ཡོད) བཞུགས་སྐབས་མཇལ་ཏེ་གསང་སྔགས་ཀྱི་ཆོས་མང་དུ་གསན་ནས་སློབ་མར་གྱུར། བུར་ཞེས་པའི་ས་ཆར་རྐྱང་མོ་ཁ་སྒྲུབ་སྡེ་བཏབ་པར་མཛད།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་དང་པོ་བདེ་བ་ཅན་གྱི་དགེ་བཤེས་ཤིག་ཡིན། རྗེས་ནས་འབྲུག་པ་དགོན་དུ་ཆོས་རྗེ་གཙང་པ་རྒྱ་རས་དང་ཞལ་མཇལ་ཞིང་དད་པ་དང་མོས་གུས་ཚད་མེད་སྐྱེས། དེ་ནས་ཆོས་རྗེ་གཙང་པ་རྒྱ་རས་ལས་ཟབ་མོའི་གདམས་ངག་མང་དུ་གསན་ཏེ་སྒོམ་སྒྲུབ་མཛད་པས་ཐུགས་དམ་ཁྱད་པར་ཅན་འཁྲུངས། དུས་ཕྱིས་སུ་བུར་དུ་རྐྱང་མོ་ཁ་བཏབ་ཅིང་ཚོགས་པ་བསྐྱངས་[116]ཏེ། འགྲོ་དོན་རྒྱ་ཆེན་པོ་མཛད་དོ།།

language:
Tibetan