- rkyen gnyis
- ID:
- T223870
- རྐྱེན་གཉིས (Tibetan, Tibetan script, Original)
- > rkyen gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyen nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ནང་པའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ཐོག་རྐྱེན་གཉིས་དང་། རྐྱེན་གསུམ། རྐྱེན་བཞི་བཅས་ངོས་འཛིན་འཇོག་ཚུལ་མི་འདྲ་བ་ཡོད་པའི་ནང་ནས་རྐྱེན་གཉིས་ཞེས་པ་ནི་རྒྱུ་རྐྱེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ལ་ཟེར། རྒྱུ་རྐྱེན་ཞེས་པ་གོང་དུ་བཤད་ཟིན་པའི་རྒྱུ་ཟེར་བ་དེ་ཡིན་ཅིང་། ལྷན་ཅིག་བྱེད་རྐྱེན་ནི་ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བར་མཉམ་དུ་འཛོམས་དགོས་པའི་ཆ་རྐྱེན་ཏེ་ས་ཞིང་དང་། ཆུ་ལུད། དྲོད་བཅས་ལྟ་བུ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
ནང་པའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ཐོག་རྐྱེན་གཉིས་དང་། རྐྱེན་གསུམ། རྐྱེན་བཞི་བཅས་ངོས་འཛིན་འཇོག་ཚུལ་མི་འདྲ་བ་ཡོད་པའི་ནང་ནས་རྐྱེན་གཉིས་ཞེས་པ་ནི་རྒྱུ་རྐྱེན་དང་ལྷན་གཅིག་བྱེད་རྐྱེན་གཉིས་ལ་ཟེར། རྒྱུ་རྐྱེན་ཞེས་པ་གོང་དུ་བཤད་ཟིན་པའི་རྒྱུ་ཟེར་བ་དེ་ཡིན་ཅིང་། ལྷན་ཅིག་བྱེད་རྐྱེན་ནི་ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བར་མཉམ་དུ་འཛོམས་དགོས་པའི་ཆ་རྐྱེན་ཏེ་ས་ཞིང་དང་། ཆུ་ལུད། དྲོད་བཅས་ལྟ་བུ་ཡིན།
- language:
- Tibetan