- rkyen bzhi ni
- ID:
- T223876
- རྐྱེན་བཞི་ནི (Tibetan, Tibetan script, Original)
- > rkyen bzhi ni (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyen shyi ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བྱང་སེམས་ཀྱི་མཐུ་མཐོང་བ། བྱང་སེམས་ཀྱི་སྡེ་སྣོད་ཐོས་པ། ཐེག་ཆེན་གྱི་བསྟན་པ་ཉམས་པ་ལ་མ་བཟོད་པ། སྙིགས་དུས་སེམས་བསྐྱེད་པ་དཀོན་པ་མཐོང་བ་བཅས་ལ་ཟེར། གཞན་ཡང་རྐྱེན་རིས་ཞེས་པ་ནི་ཆོས་ལུགས་མི་སྣའི་འཚོ་བའི་མཐུན་རྐྱེན་ལ་གོ་དགོས་སོ། དཔེར་ན། རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ་ཡིག་ཕྲེང༤༨པ་ནས༥༡པ་ལས་ཡབ་མྱེས་དབོན་སྲས་གང་གོ་རིང་ལ་ཡང་རུང་སྟེ། དཀོན་མཆོག་གསུམ་གྱི་རྐྱེན་བཅད་པའི་རྣམས་ཀྱང་མ་དམའས་མ་ཞིག་པའི་ཆོས་སུ་ལྷརོས་ཀྱོ་ཁྱོམ་ཡོག་གོ་མགོ་ནག(དག)ལས་འབྱུང་བ་བཞོན་དུ་ཚིས་མཛད་དོ་ཞེས་དང་། མཚུར་ཕུ་དགོན་པའིརྡོ་རིང་ཡི་གེའི་ཡིག་ཕྲེང༡༥པ་ནས༢༢པ་ལས་སྟོད་ལུངས་རྐྱ་ལྕང་བུར། ་ནང་གི་གཙུག་ལག་ཁང་བརྩིགས་སྟེ། དཀོན་མཆོག་གསུམ་གྱོ་རྟེན་བཙུགས། དགེ་སློང་བཞི་གནས་པར་སྦྱར་ནས། རྐྱེན་གྱོ་བྲན་དང་ཞིང་འབྲོག་དང་། ལྷ་ཆ་དང་། ནོར་རྫས་དང་། རྐང་འགྲོས། ལས་སྩོགས་པ། ཚང་བར་བཅད་དེ། བཙན་པོ་ཁྲི་གཙུག་ལྡེ་བརྩན་གྱི་སྐུ་ཡོན་རྒྱུན་མྱོ་འཆད་པར་བྱེད་དོ་ཞེས་དང་། ཡིག་ཕྲེང༣༢པ་ནས༤༢པ་ལས་གཙུག་ལག་ཁང་འདིའི་རྐྱེན་རོས་བསྔོ་ཞིང་སྤྱད་པ་ཡང་། ཞང་ཉ་སྟོས། ཇི་ལྟར་བྱས་ཤིང་། བསྔོས་པ་བཞིན་བརྩན་པར། བཀའས་གནངོ། ནམ་ཞིག་ན། ཞང་ཉ་སྟོ་ལ། བུ་ཚ་རྒྱུད་ཡོང་། མྱེད་པ་ཞིག་ཏུ་གྱུར་ན། ཁོལ་ཡུལ་ལས་སྩོགས་པ་དབབ་ངོ་ཅོགབླར་ཡང་མྱི་བཞེས། ཀྱང་མྱོ་སྦྱིན་བར། གཙུག་ལག་ཁང་འདི་རྐྱེན། དུ་བསྣན་པར། བཀའས་གནང་ངོ། གཙུག་ལག་ཁང་གི་རྐྱིན་བཅད་པའི་དཀར་ཅག་དང་། བསྔོས་ཡོག་བླ་དཔེ་ནི་བཅོམ་ལྡན་འདའས་རིང་ལུགས་ཀྱི་འདུན་སར་བཞག་ཞེས་གསལ།
- language:
- Tibetan
2. Thupten Phuntsok Dictionary
བྱང་སེམས་ཀྱི་མཐུ་མཐོང་བ། བྱང་སེམས་ཀྱི་སྡེ་སྣོད་ཐོས་པ། ཐེག་ཆེན་གྱི་བསྟན་པ་ཉམས་པ་ལ་མ་བཟོད་པ། སྙིགས་དུས་སེམས་བསྐྱེད་པ་དཀོན་པ་མཐོང་བ་བཅས་ལ་ཟེར།
- language:
- Tibetan