- ska phug sgom chung
- ID:
- T223921
- སྐ་ཕུག་སྒོམ་ཆུང (Tibetan, Tibetan script, Original)
- > ska phug sgom chung (Tibetan, Latin script, Transliteration-THL Extended Wylie Transliteration)
- > ka puk gom chung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྐ་ཕུག་ཚོ་གསུམ་གྱི་ནང་ཚན་ལྷ་གྲོང་དུ་གཅན་ཚའི་རིགས་ལས་སྐ་ཕུག་སྒོམ་ཆེན་གྱི་སྐུ་མཆེད་མགོན་པོ་ཟེར་བའི་སྲས་སུ་འཁྲུངས(རབ་བྱུང་བཅུ་གཅིག་པའི་འགོ་སྟོད་ཙམ)ཆུང་ངུ་ནས་རབ་ཏུ་བྱུང་། ཨན་ཆུང་གནམ་རྫོང་དུ་རྗེ་བཙུན་དམ་པའི་ཡོངས་འཛིན་གྱི་ཡང་སྲིད་དུ་གྲགས་པ་ཞིག་གི་དྲུང་དུ་ཕེབས་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ནས་སྒོམ་སྒྲུབ་གཙོ་བོར་མཛད། སྐུ་ཚེའི་སྨད་དུ་རི་བོ་རྩེ་ལྔར་ཕེབས་ཏེ་སྒྲུབ་པ་མཛད་བཞིན་པའི་མུར་སྐུ་གཤེགས། དེ་ཡི་སྐུ་ཕྲེང་འགའ་ཞིག་བྱུང་བ་གཤམ་དུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
སྐ་ཕུག་ཚོ་གསུམ་གྱི་ནང་ཚན་ལྷ་གྲོང་དུ་གཅན་ཚའི་རིགས་ལས་སྐ་ཕུག་སྒོམ་ཆེན་གྱི་སྐུ་མཆེད་མགོན་པོ་ཟེར་བའི་སྲས་སུ་འཁྲུངས (རབ་བྱུང་བཅུ་གཅིག་པའི་འགོ་སྟོད་ཙམ) ཆུང་ངུ་ནས་རབ་ཏུ་བྱུང་། ཨན་ཆུང་གནམ་རྫོང་དུ་རྗེ་བཙུན་དམ་པའི་ཡོངས་འཛིན་གྱི་ཡང་སྲིད་དུ་གྲགས་པ་ཞིག་གི་དྲུང་དུ་ཕེབས་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ནས་སྒོམ་སྒྲུབ་གཙོ་བོར་མཛད། སྐུ་ཚེའི་སྨད་དུ་རི་བོ་རྩེ་ལྔར་ཕེབས་ཏེ་སྒྲུབ་པ་མཛད་བཞིན་པའི་མུར་སྐུ་གཤེགས། དེ་ཡི་སྐུ་ཕྲེང་འགའ་ཞིག་བྱུང་བ་གཤམ་དུ་གསལ།
- language:
- Tibetan