- ska phug blo bzang don grub
- ID:
- T223922
- སྐ་ཕུག་བློ་བཟང་དོན་གྲུབ (Tibetan, Tibetan script, Original)
- > ska phug blo bzang don grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > ka puk lo zang döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྐ་ཕུག་སྒོམ་ཆུང་སྐུ་ཕྲེང་གསུམ་བྱུང(༡སྐ་ཕུག་སྒོམ་ཆུང་། ༢འཇམ་དབྱངས་དབང་ཕྱུག༣བློ་བཟང་དོན་གྲུབ)བའི་གསུམ་པ་ཡིན། རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ(༡༧༤༠)ལོར་གདོང་རྣའི་ཡུལ་དུ་ཡབ་ལོ་མོ་དང་། ཡུམ་འབའ་གོའི་སྲས་སུ་འཁྲུངས། དགུང་ལོ་བདུན་ལ་ལྷ་རི་བློ་བཟང་འབྱུང་གནས་ཀྱི་དྲུང་དུ་རབ་བྱུང་མཛད། སྐུ་ཞང་ཨ་ལགས་དར་རྒྱས་ལས་ཡིག་ཀློག་དང་འདོན་ཆོས་བསླབས། དགུང་ལོ་བཅོ་ལྔ་པ་ལ་བྱ་ཁྱུང་དགོན་པར་ཆོས་ཞུགས་མཛད། དགེ་བཤེས་ཟི་ལུང་དཔོན་ཆུང་དང་། ཁོ་ཚེའི་དགེ་བཤེས་བློ་བཟང་བསོད་ནམས་གཉིས་དགེ་རྒན་དུ་བསྟེན་ནས། གཞུང་ཆེན་པོའི་སློབ་གཉེར་ལེགས་པར་མཛད་དེ་དགེ་བཤེས་མཚན་རྟགས་ཐོན། སུམ་རྟགས་དང་། སྐར་རྩིས། སྒྲ་རིག་པ། ལྷ་བྲིས། འཇིམ་བཟོ། རྐོ་དཀྲོལ་སོགས་ཀྱང་བྱང་ཆུབ་པར་མཁྱེན། འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་བླ་ཆེན་དང་དགེ་བའི་བཤེས་གཉེན་མང་དུ་བསྟེན་པས་གསན་རྒྱ་ཤིན་ཏུ་ཆེ། བྱ་ཁྱུང་དགོན་དུ་སྨན་པ་གྲྭ་ཚང་ཡོད་པ་དེ་དུས་འཁོར་གྲྭ་ཚང་དུ་བསྒྱུར། བྱ་ཁྱུང་སོགས་དགོན་སྡེ་མང་པོར་འདོད་ཆོས་ཡང་ཡང་གནང་། དགུང་ལོ་དོན་གཉིས་ནས་ལོ་ངོ་གསུམ་རིང་ཆུ་སེར་གྱི་སྙུན་གཞི་ཕོག་པ་དྭངས་སྐྱེད་བྱུང་། སྔར་དབུ་སྐྲ་དཀར་པོ་ཡོད་པ་དེ་ནས་ནག་པོར་གྱུར་ཅིང་། སྐུའི་ན་ཚོད་གཞོན་ཤ་ལྡན་བཞིན་དུ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་ཕག(༡༨༢༧)ལོར་དགོངས་པ་མྱ་ངན་ལས་འདས། རྣམ་ཐར་མདོར་བསྡུས་བྱ་ཁྱུང་དགེ་བཤེས་ཇུ་ནང་པ་ངག་དབང་སྙན་གྲགས་ཀྱིས་མཛད་པ་ཡོད་ཅིང་། དེ་ལས་བསྡུས་པ《མདོ་སྨད་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༡༩༧ནས༡༩༩བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
སྐ་ཕུག་སྒོམ་ཆུང་སྐུ་ཕྲེང་གསུམ་བྱུང (༡ སྐ་ཕུག་སྒོམ་ཆུང་། ༢ འཇམ་དབྱངས་དབང་ཕྱུག ༣ བློ་བཟང་དོན་གྲུབ) བའི་གསུམ་པ་ཡིན། རབ་བྱུང་བཅུ་གཉིས་ལྕགས་སྤྲེལ (༡༧༤༠) ལོར་གདོང་རྣའི་ཡུལ་དུ་ཡབ་ལོ་མོ་དང་། ཡུམ་འབའ་གོའི་སྲས་སུ་འཁྲུངས། དགུང་ལོ་བདུན་ལ་ལྷ་རི་བློ་བཟང་འབྱུང་གནས་ཀྱི་དྲུང་དུ་རབ་བྱུང་མཛད། སྐུའི་ན་ཚོད་གཞོན་ཤ་ལྡན་བཞིན་དུ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་ཕག (༡༨༢༧) ལོར་དགོངས་པ་མྱ་ངན་ལས་འདས།
- language:
- Tibetan