- ska ba shAkya dbang phyug
- ID:
- T223923
- སྐ་བ་ཤཱཀྱ་དབང་ཕྱུག (Tibetan, Tibetan script, Original)
- > ska ba shAkya dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > kawa shakya wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(མཚན་གཞན་མཚོ་སྨད་མཁན་ཆེན)རབ་བྱུང་བརྒྱད་པའི(༡༤༤༧ནས༡༥༠༦)ནང་སྟོད་ལུང་གླང་གྲོང་དུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཟུར་མཁར་མཉམ་ཉིད་རྡོ་རྗེའི་སློབ་མ་ཕྲག་དཔོན་བསོད་ནམས་བཀྲ་ཤིས་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ནས་རིག་གནས་སྤྱི་དང་ཁྱད་པར་གསོ་རིག་ལ་ཤིན་ཏུ་མཁས་པར་གྱུར། མཚོ་སྨད་ལྷ་ཁང་གི་མཁན་པོ་མཛད་པས་མཚོ་སྨད་མཁན་ཆེན་ཞེས་གྲགས། གསོ་བ་རིག་པའི་བསྟན་པ་སྤྱི་དང་ཟུར་མཁར་བའི་བསྟན་པ་སྤེལ། གསུང་རྩོམ་ཡང་《གསོ་རིག་ཁོག་འབུབས་ལེགས་བཤད་དངུལ་དཀར་མེ་ལོང》དང་། 《ཕྱི་མ་རྒྱུད་ཀྱི་དཀའ་གནད་གསལ་སྒྲོན》《དཔག་བསམ་ལྗོན་ཤིང》《རིགས་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ》《ལག་ལེན་དམར་ཁྲིད་དུ་སྡེབས་པ་སྙིང་པོ་བསྡུས་པ》སོགས་མཛད། སློབ་མའི་གཙོ་བོ་གླང་བུ་ཆོས་རྗེ་དང་གསང་ཕུ་དཔལ་རི་བ་བློ་གྲོས་རྒྱལ་པོ་སོགས་མང་པོ་བྱུང་། འདས་ལོ་དང་མཛད་རྣམ་ཞིབ་གསལ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
(མཚན་གཞན་མཚོ་སྨད་མཁན་ཆེན) རབ་བྱུང་བརྒྱད་པའི (༡༤༤༧ནས༡༥༠༦) ནང་སྟོད་ལུང་གླང་གྲོང་དུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཟུར་མཁར་མཉམ་ཉིད་རྡོ་རྗེའི་སློབ་མ་ཕྲག་དཔོན་བསོད་ནམས་བཀྲ་ཤིས་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ནས་རིག་གནས་སྤྱི་དང་ཁྱད་པར་གསོ་རིག་ལ་ཤིན་ཏུ་མཁས་པར་གྱུར། མཚོ་སྨད་ལྷ་ཁང་གི་མཁན་པོ་མཛད་པས་མཚོ་སྨད་མཁན་ཆེན་ཞེས་གྲགས། གསོ་བ་རིག་པའི་བསྟན་པ་སྤྱི་དང་ཟུར་མཁར་བའི་བསྟན་པ་སྤེལ། གསུང་རྩོམ་ཡངདཔག་བསམ་ལྗོན་ཤིང》 སོགས་མཛད། སློབ་མའི་གཙོ་བོ་གླང་བུ་ཆོས་རྗེ་དང་གསང་ཕུ་དཔལ་རི་བ་བློ་གྲོས་རྒྱལ་པོ་སོགས་མང་པོ་བྱུང་། འདས་ལོ་དང་མཛད་རྣམ་ཞིབ་གསལ་མ་རྙེད།
- language:
- Tibetan