Skip to main content Skip to search
skad rigs kyi dbye ba bdun brgya nyi shu
ID:
T223999
  • སྐད་རིགས་ཀྱི་དབྱེ་བ་བདུན་བརྒྱ་ཉི་ཤུ (Tibetan, Tibetan script, Original)
    • > skad rigs kyi dbye ba bdun brgya nyi shu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ké rik kyi yewa düngya nyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ཡང་མངོན་པ་མཛོད་ཀྱི་འགྲེལ་པར་དེ་ལྟར་བཤད་ཀྱང་གྲངས་འདྲེན་མི་སྣང་ཞིང་། ཁོ་བོའི་རྨོངས་འཆར་ལ་མི་རིགས་གཅིག་ཀྱང་སྐད་རིགས་མི་གཅིག་པ་དེ་འདྲའི་ཆ་ནས་བཤད་པ་འདྲ་སྟེ། དཔེར་ན་བོད་རིགས་ཡིན་པར་འདྲ་ཡང་དབུས་གཙང་དང་། ཨ་མདོ། བར་ཁམས་ཁུལ། རྒྱལ་རོང་སོགས་ཡི་གེའི་སྒོ་ནས་མི་འདྲ་བ་མེད་ཀྱང་། སྐད་རིགས་ཀྱི་སྒོ་ནས་ཕན་ཚུན་གཏན་ནས་གོ་བརྡ་མི་འཕྲོད་པའི་ཆ་ནས་སྐད་རིགས་མི་འདྲ་བར་བཞག་པ་སྟེ། དབུས་གཙང་གཉིས་སྐད་རིགས་ཕྲན་བུ་མི་འདྲ་ཡང་ཕན་ཚུན་གོ་བརྡ་མི་འཕྲོད་པ་མེད་པ་དེ་ལྟ་བུའི་སྐད་རིགས་ནི་གཅིག་ཏུ་བགྲང་དགོས་སོ།

language:
Tibetan

2. Thupten Phuntsok Dictionary

འདི་ཡང་མངོན་པ་མཛོད་ཀྱི་འགྲེལ་པར་དེ་ལྟར་བཤད་ཀྱང་གྲངས་འདྲེན་མི་སྣང་ཞིང་། ཁོ་བོའི་རྨོངས་འཆར་ལ་མི་རིགས་གཅིག་ཀྱང་སྐད་རིགས་མི་གཅིག་པ་དེ་འདྲའི་ཆ་ནས་བཤད་པ་འདྲ་སྟེ། དཔེར་ན་བོད་རིགས་ཡིན་པར་འདྲ་ཡང་དབུས་གཙང་དང་། ཨ་མདོ། བར་ཁམས་ཁུལ། རྒྱལ་རོང་སོགས་ཡི་གེའི་སྒོ་ནས་མི་འདྲ་བ་མེད་ཀྱང་། སྐད་རིགས་ཀྱི་སྒོ་ནས་ཕན་ཚུན་གོ་བརྡ་ཧ་ཅང་འཕྲོད་དཀའ་བའི་ཆ་ནས་སྐད་རིགས་མི་འདྲ་བར་བཞག་པ་སྟེ། དབུས་གཙང་གཉིས་སྐད་རིགས་ཕྲན་བུ་མི་འདྲ་ཡང་ཕན་ཚུན་གོ་བརྡ་མི་འཕྲོད་པ་མེད་པ་དེ་ལྟ་བུའི་སྐད་རིགས་ནི་གཅིག་ཏུ་བགྲང་དགོས་སོ། །

language:
Tibetan