Skip to main content Skip to search
skad rigs mi mthun pa bzhis lung 'don pa
ID:
T224001
  • སྐད་རིགས་མི་མཐུན་པ་བཞིས་ལུང་འདོན་པ (Tibetan, Tibetan script, Original)
    • > skad rigs mi mthun pa bzhis lung 'don pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ké rik mitünpa shyi lung dönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྔོན་དུས་རྒྱ་གར་དུ་དགེ་སློང་རྣམས་གསོ་སྦྱོང་ཚོགས་སྐབས་དགེ་སློང་བགྲེས་པ་ཞིག་གིས《སོ་ཐར་གྱི་མདོ》གསུང་དགོས་པ་ལ། དགེ་སློང་བགྲེས་པའི་གྲས་གནས་བརྟན་སྒྲ་གཅན་འཛིན་གྱིས་ཨིསྦྲོཏའི་སྐད་དུ་གསུངས་པ་དང་། གནས་བརྟན་འོད་སྲུང་གིས་པྲ་ཀྲི་ཏ་སྟེ་ཡུལ་མི་རང་བཞིན་པའི་སྐད་དུ་གསུངས་པ་དང་། གནས་བརྟན༌ཀརྱ་ཡ་ནས་པི་ཤ་ཙིའི་སྐད་དུ་གསུངས་པ། གནས་བརྟན༌ཉེ་བར་འཁོར་གྱིས་ཟུར་ཆག་གི་སྐད་དུ་གསུངས་པ་བཅས། ལས་མདོ་ཉན་མཁན་རྣམས་ཀྱིས་གོ་བ་ལེན་ཚུལ་མི་འདྲ་བར་བྱུང་བའི་དབང་གིས། སྒྲ་གཅན་འཛིན་གྱི་རྗེས་འབྲངས་པ་རྣམས་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བྱུང་། འོད་སྲུང་གི་རྗེས་འབྲངས་པ་རྣམས་ལས་ཕལ་ཆེན་སྡེ་པ་བྱུང་། ཀཏྱ་ཡ་ནའི་རྗེས་འབྲངས་པ་རྣམས་ལས་གནས་བརྟན་པའི་སྡེ་པ་བྱུང་། ཉེ་བར་འཁོར༌གྱི་རྗེས་འབྲངས་པ་རྣམས་ལས་མང་པོས་བཀུར་བའི་སྡེ་པ་བྱུང་བར་འདུལ་བའི་གཞུང་མང་ཆེ་བ་རྣམས་ལས་གཅིག་མཐུན་དུ་གསུངས་ཡོད། འོན་ཀྱང《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མའི་སྟོད་ཆ་ཤོག་གྲངས་༦༣ནས༦༧བར་སྡེ་པ་བཞིར་གྱེས་ཚུལ་གསུངས་པའི་ཐད་དུ། གནས་བརྟན་སྒྲ་གཅན་འཛིན་ནི་རྒྱལ་རིགས་སུ་འཁྲུངས་པས་རིགས་མཐོ་བ་དང་མང་པོས་བརྩི་བཀུར་ཞུ་བའི་གནས་ཡིན་ཅིང་། 《སོ་ཐར་གྱི་མདོ》ཟུར་ཆག་གི་སྐད་དུ་གསུངས་པ། (འདི་ལ་དོགས་གནས་ཆེ)ཀཏྱ་ཡ་ནའི་རྗེས་འབྲངས་པ་རྣམས་དགེ་འདུན་མང་པོ་ཡོད་པ་ཞིག་ཡིན་པ་དང་། 《སོ་ཐར་གྱི་མདོ》པྲ་ཀྲི་ཏ་སྟེ་ཡུལ་མི་རང་བཞིན་པའི་སྐད་དུ་གསུངས་པ་དང་། ཉེ་བར་འཁོར་གྱི་རྗེས་འབྲངས་པ་རྣམས་ཤེས་བྱའི་གའི་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་པ་དང་། 《སོ་ཐར་གྱི་མདོ》ལེགས་སྦྱར་སེསྐྲོཏ་ཡི་སྐད་དུ་གསུངས་པ་ཡིན་ཚུལ་འཁོད་འདུག་པས་བཞེད་པ་བྱིངས་དང་མི་མཐུན།

language:
Tibetan

2. Thupten Phuntsok Dictionary

སྔོན་དུ་དགེ་སློང་རྣམས་གསོ་སྦྱོང་ཚོགས་སྐབས་དགེ་སློང་བགྲེས་པ་ཞིགསོ་ཐར་གྱི་མདོ》གསུང་དགོས་པ་ལ། དགེ་སློང་བགྲེས་པའི་གྲས་གནས་བརྟན་སྒྲ་གཅན་འཛིན་གྱིས་སཾསྐྲྀ་ཏའི་སྐད་དུ་གསུངས་པ་དང་། གནས་བརྟན་འོད་སྲུང་གིས་པྲ་ཀྲི་ཏ་སྟེ་ཡུལ་མི་རང་བཞིན་པའི་སྐད་དུ་གསུངས་པ་དང་། གནས་བརྟན་ཀཏྱ་ཡ་ནས་པི་ཤ་ཙིའི་སྐད་དུ་གསུངས་པ། གནས་བརྟན་ཉེ་བར་འཁོར་གྱིས་ཟུར་ཆག་གི་སྐད་དུ་གསུངས་པ་བཅས་ལས་མདོ་ཉན་མཁན་རྣམས་ཀྱིས་གོ་བ་ལེན་ཚུལ་མི་འདྲ་བར་བྱུང་བའི་དབང་གིས། སྒྲ་གཅན་འཛིན་གྱི་རྗེས་འབྲངས་པ་རྣམས་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བྱུང་། འོད་སྲུང་གི་རྗེས་འབྲངས་པ་རྣམས་ལས་ཕལ་ཆེན་སྡེ་པ་བྱུང་། ཀཏྱ་ཡ་ནའི་རྗེས་འབྲངས་པ་རྣམས་ལས་གནས་བརྟན་པའི་སྡེ་པ་བྱུང་། ཉེ་བར་འཁོར་གྱི་རྗེས་འབྲངས་པ་རྣམས་ལས་མང་པོས་བཀུར་བའི་སྡེ་པ་བྱུང་བར་འདུལ་བའི་གཞུང་མང་ཆེ་བ་རྣམས་ལས་གཅིག་མཐུན་དུ་གསུངས་ཡོད།

language:
Tibetan