Skip to main content Skip to search
skam skam pa dge bshes skyo ston
ID:
T224033
  • སྐམ་སྐམ་པ་དགེ་བཤེས་སྐྱོ་སྟོན (Tibetan, Tibetan script, Original)
    • > skam skam pa dge bshes skyo ston (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kam kampa geshé kyo tön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྐམ་སྐམ་དགོན་གྱི་གདན་རབས་གཉིས་པ་ཡིན། རབ་བྱུང་གཉིས་པའི་མེ་རྟ(༡༡༢༦)ལོར། གྲོག་གི་མདའ་སྐྱོ་གྲོང་དུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ལ་ཁྲོམ་གཞེར་རིན་པོ་ཆེ་དང་མཇལ། དགུང་ལོ་ཉེར་གཅིག་པ་ལ་དགེ་བཤེས་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་གྱི་དྲུང་ནས་རབ་བྱུང་བསྙེན་རྫོགས་བཞེས། དགེ་བཤེས་སྨྱུག་རུམ་པ་དང་འོད་འཇོ་བ་སོགས་བསྟེན་ནས་ཆོས་མང་དུ་གསན། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་ཡོས(༡༡༧༡)ལོར་སྐམ་སྐམ་གྱི་གདན་སར་ཕེབས། གྲྭ་ཚོགས་ལྔ་བརྒྱ་ཙམ་དུ་འཕེལ། དགུང་ལོ་དོན་ལྔ་པ་རབ་བྱུང་གསུམ་པའི་ལྕགས་སྤྲེལ(༡༢༠༠)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

སྐམ་སྐམ་དགོན་གྱི་གདན་རབས་གཉིས་པ་ཡིན། རབ་བྱུང་གཉིས་པའི་མེ་རྟ (༡༡༢༦) ལོར། གྲོག་གི་མདའ་སྐྱོ་གྲོང་དུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ལ་ཁྲོམ་གཞེར་རིན་པོ་ཆེ་དང་མཇལ། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་ཡོས་ (༡༡༧༡) ལོར་སྐམ་སྐམ་གྱི་གདན་སར་ཕེབས། གྲྭ་ཚོགས་ལྔ་བརྒྱ་ཙམ་དུ་འཕེལ། དགུང་ལོ་དོན་ལྔ་པ་རབ་བྱུང་གསུམ་པའི་ལྕགས་སྤྲེལ་ (༡༢༠༠) ལོར་སྐུ་གཤེགས།

language:
Tibetan