- skar ma'i rig pa
- ID:
- T224065
- སྐར་མའི་རིག་པ (Tibetan, Tibetan script, Original)
- > skar ma'i rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > karmé rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་སྐར་རྩིས་ཀྱི་གཞུང་དང་འབྲེལ་བ་དམ་པོ་ཡོད་པའི་ཚན་རིག་གི་སྡེ་ཚན་ཞིག་ཡིན་ཅིང་། བོད་ཡིག་ཐོག་བསྒྱུར་བའི་གཞུང་ནི། རྒྱ་རིགས་ཀྱི་མཁས་པ་ཁྲིན་ཙུང་ཀུའི་སོགས་མི་བཅུ་གཅིག་གིས་ཁག་སོ་སོར་བྲིས་པ་དཔེ་མིང་ལ《སྐར་ཚོགས་ཀྱི་འཇིག་རྟེན》(星星的世界)ཞེས་པ། གནས་ལྔ་རིག་པའི་པཎྜི་ཏ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་བོད་སྐད་དུ་བསྒྱུར་ཞིང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས༡༩༦༡ལོར་དཔར་སྐྲུན་འགྲེམས་སྤེལ་བྱས་པ་ཞིག་འདུག་པ་དེའི་ནང་དོན་ནི། ༡སྐར་ཚོགས་ཀྱི་འཇིག་རྟེན། ༢དགུ་ཚིགས་ཀྱི་གསང་རྒྱ། ༣ཉི་མའི་རྩ་ལག་གི་སྡེར་གཏོགས། ༤མིའི་འགྲོ་བ་གཟའ་སྐར་སྟེང་དུ་འཚོ་བ། ༥གཟའ་ལྷག་པ་དང་པ་སངས། ༦གཟའ་མིག་དམར་སྟེང་སྲོག་ལྡན་ཡོད་དམ་མེད། ༧གཟའ་ཕུར་བུ་དང་སྤེན་པ། ༨ཤིན་ཏུ་རྒྱང་རིང་བའི་གཟའ་སྐར། ༩གཟའ་སྐར་ཆུང་བ། ༡༠སྐར་མ་མཇུག་རིང་། ༡༡རང་རྒྱལ་གནའ་རབས་ཀྱི་སྐར་རྩིས་ལ་བརྟེན་ནས་ལྟ་འཇལ་བྱས་པའི་གྲུབ་འབྲས་བཅས་གནད་བསྡུས་འཁོད་ཡོད། ཡང་བོད་ཡིག་ཐོག་བསྒྱུར་མེད་པའི་རྒྱ་ཡིག་གི་དེབ《行星恒星星系》ཞེས་པའི་ནང་དོན་ཚན་ཆེ་བ་བཅུ་བདུན་གྱི་ཐོག་ནས་རྒྱུ་སྐར་དང་། བརྟན་སྐར། སྐར་མའི་ཚོགས་བཅས་ངོ་སྤྲོད་བྱས་ཡོད་པ་གཤམ་གསལ། ༡མི་དང་བར་སྣང་། ༢གཞི་རྩའི་དཔྱད་ཆས་དང་ཐབས་ཤེས། ༣རྡུལ་ཕྲན། ༤རྒྱུ་སྐར་དགུའི་ངོ་སྤྲོད། ༥རྒྱུ་སྐར་གྱི་འགུལ་བསྐྱོད། ༦སྲུང་སྐར་གྱི་སྐོར། ༧རྒྱུ་སྐར་ཆུང་བ་དང་། སྐར་མདའ། མཇུག་རིང་བཅས་ཀྱི་སྐོར། ༨ཉི་མའི་ཁྱིམ་རྒྱུད་ཀྱི་ལོ་ཚད་དང་འབྱུང་ཁུངས་སྐོར། ༩ཉི་མའི་སྐོར། ༡༠བརྟན་འཇགས་ཀྱི་བརྟན་སྐར་སྐོར། ༡༡བརྟན་འཇགས་མིན་པའི་སྐར་མ། ༡༢བརྟན་སྐར་གྱི་འཕེལ་འགྱུར། ༡༣གཉིས་ཚོགས་ཀྱི་སྐར་མ་དང་རྒྱུ་སྐར། ༡༤སྐར་མའི་ཚོགས་པ། ༡༥སྲུང་སྐར་ཕན་ཚུན་བར། ༡༦སྐར་མའི་མ་ལག༡༧འཇིག་རྟེན་ཁམས་དང་ལྟོས་བཅས་སྨྲ་བ་བཅས་ཡིན་ཅིང་། དེ་རྣམས་རེ་རེ་ལའང་ནང་གསེས་ཀྱི་དོན་ཚན་མང་པོ་འདུག་པ་འདིར་ཡིག་ཚོགས་ཆེ་བས་བཀོད་མ་ནུས་སོ།
- language:
- Tibetan
2. Thupten Phuntsok Dictionary
འདི་སྐར་རྩིས་ཀྱི་གཞུང་དང་འབྲེལ་བ་དམ་པོ་ཡོད་པའི་ཚན་རིག་གི་སྡེ་ཚན་ཞིག་ཡིན་ཅིང་། བོད་ཡིག་ཐོག་བསྒྱུར་བའི་གཞུང་ནི། རྒྱ་རིགས་ཀྱི་མཁས་པ་ཁྲིན་ཙུང་ཀུའི་སོགས་མི་བཅུ་གཅིག་གིས་ཁག་སོ་སོར་བྲིས་པ་དཔེ་མིང་ལ་སྐར་ཚོགས་ཀྱི་འཇིག་རྟེན》ཞེས་པ། གནས་ལྔ་རིག་པའི་པཎྜི་ཏ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་བོད་སྐད་དུ་བསྒྱུར་ཡོད།
- language:
- Tibetan
3. Mahāvyutpatti: Sanskrit-Tibetan-English Vocabulary
- Sanskrit:
- jyotirvidyā
4. Lokesh Chandra Tibetan-Sanskrit dictionary
- Sanskrit:
- jyotirvidhyā