- skar rtsis kyi rig pa
- ID:
- T224067
- སྐར་རྩིས་ཀྱི་རིག་པ (Tibetan, Tibetan script, Original)
- > skar rtsis kyi rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > kar tsi kyi rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཕྱི་རོལ་རང་བྱུང་ཁམས་ཀྱི་ཉི་མ་ཟླ་བ་སོགས་རྒྱུ་སྐར་གྱི་འཁོར་འགྲོས་ངེས་ཅན་ལ་བརྟེན་ནས་ས་ཡི་གོ་ལའི་ཐོག་ནམ་དུས་མི་འདྲ་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ཀྱི་ཆོས་ཉིད་ཤེས་རྟོགས་བྱ་ཐབས་ཀྱི་རྩིས་རིག་ཅིག་ལ་ཟེར། དེ་ཡང་རིག་གནས་ཆེ་ཆུང་གི་རྣམ་བཞག་ངོ་སྤྲོད་བྱེད་པའི་གཞུང་ཕལ་ཆེ་བའི་ནང་། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་བཤད་སྲོལ་ཡོད་པ་ལྟར། སྐར་རྩིས་ཀྱིས་གཙོ་བོ་རྩིས་རིག་ལ་བརྟེན་ནས་རྒྱུ་སྐར་གྱི་འཁོར་འགྲོས་དང་དུས་བཞིའི་ཞིང་འབྲོག་གི་ཐོན་སྐྱེད་ལ་ཕན་ཡོད་ཀྱི་ནམ་དུས་ངོ་སྤྲོད་བྱེད་ཀྱི་ཡོད་ཅིང་། དེའི་གཟུགས་ཀྱི་བོང་ཚོད་དང་། གྲངས་འབོར་སོགས་རྩི་རྒྱུ་ཡང་ཤེས་ཐུབ་པས། བསྒྱུར་བགོས་བསྣན་གསུམ་གྱི་རྩིས་རིག་མ་ཤེས་ན་སྐར་རྩིས་ཤེས་ཐབས་མེད་པ་ཞིག་ཡིན། དེང་རབས་སྐར་རྩིས་རིག་པ་དང་། གཟུགས་དང་། དུས་དང་། འོད་དང་། སྤྱི་འགྲོས། རང་འགྲོས་སོགས་ཕྱོགས་མང་པོ་ཞིག་ཐད་ནས་རྩི་དགོས་པ་སྟེ། ཉི་ཟླ། རྒྱུ་སྐར་སོགས་ཀྱི་འཁོར་འགྲོས་སྤྱི་འཁོར་དང་། རང་འཁོར་གྱི་འགྲོས་མྱུར་བུལ་དང་། འཆར་ནུབ་སོགས་ཆུ་ཚོད་དང་སྐར་ཆའི་ཚད་ལ་བརྟེན་ནས་ཤེས་དགོས་པ་དང་། དེ་དག་ཕན་ཚུན་བར་གྱི་ཐག་རིང་ཐུང་དང་། འོད་ཀྱི་ཚད་སོགས་འགའ་ཞིག་གཟུགས་ཀྱི་བོང་ཚོད་འཇལ་བའི་སྒོ་ནས་རྩི་དགོས་པ་ཡིན། དུས་ཀྱི་ཚད་འཇལ་ཚུལ་ལ་སངས་རྒྱས་ཆོས་ལུགས་ཀྱི《མངོན་པ་མཛོད》དང《འདུལ་བ》གཉིས་ལས་རྩི་ཚུལ་མི་འདྲ་བ་གཉིས་བཤད་ཡོད། སངས་རྒྱས་ཆོས་ལུགས་ཀྱི《དུས་འཁོར》དང་། རྒྱ་གར་ནས་བོད་དུ་དར་བའི་སྐར་རྩིས་ཀྱི་གཞུང་ནས་བཤད་པའི་དུས་ཀྱི་ཚད་རྩི་ཚུལ་ནི། སྐྱེས་བུ་ནད་མེད་པ་གཅིག་གི་དབུགས་འགྲོ་འོང་གཉིས་རེ་ལ་ཁུག་པ་གཅིག་ཏུ་རྩིས་པའི་དབུགས་ཆ་དྲུག་ལ་ཆུ་སྲང་གཅིགཆུ་སྲང་དྲུག་ཅུ་ཐམ་པ་སྟེ་དབུགས་ཆ་སུམ་བརྒྱ་དྲུག་ཅུ་ཐམ་པ་ལ་ཆུ་ཚོད་གཅིག་ཚོད་དྲུག་ཅུ་ཐམ་པ་ལ་ཉིན་ཞག་གཅིག་ཏུ་རྩིས་པ་ཡིན་ཅིང་། རྒྱུན་སྲོལ་ཡོངས་གྲགས་ཀྱི་ཆུ་ཚོད་གཅིག་ལ་སྐར་རྩིས་པའི་ལུགས་ཀྱི་ཆུ་ཚོད་གཉིས་དང་ཆུ་སྲང་ལྔ་ཡོད་ཅིང་། ཉིན་ཞག་གཅིག་ལ་དབུགས་འགྲོ་འོང་གི་ཆ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་། ཟླ་བ་བཅུ་གཉིས་ལ་ལོ་གཅིགདེ་ལ་དུས་བཞི་དང་། ལོ་བསགས་པས་དུས་བཞི་ཆེན་པོ་དང་། བསྐལ་པ། བསྐལ་ཆེན་སོགས་རྩི་རྒྱུ་ཡོད། གཞན་ཡང་གཟའ་དང་ཚེས། སྐར་མ། སྦྱོར་བ། བྱེད་པ་བཅས་ལྔ་ནི་རྩིས་ཀྱི་ཡན་ལག་ལྔ་ཡིན་ཅིང་། གཟའ་ལྔ(མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ)བཅས་སོ་སོའི་འགྲོས་མྱུར་བ་དང་། དལ་བ། དྲང་པོ། འཁྱོག་པོ་བཅས་ཀྱི་འགྲོས་བཞི་དང་། སོ་སོའི་ཁྱིམ་དང་། ལོངས་སྤྱོད། གཞན་ཡང་སྒྲ་གཅན་དང་། དུས་མེས་ཉི་ཟླ་འཛིན་པའི་རྩིས་དང་། དུ་བ་མཇུག་རིང་གི་འཆར་ནུབ། དབྱར་དགུན་གྱི་ཉི་ལྡོགདུས་སྦྱོར། ཞག་གསུམ་གྱི་རྣམ་དབྱེ་ལ་སོགས་པའི་རྩིས《དུས་འཁོར》ལས་བཤད་པ་རྣམས་ལ་སྐར་རྩིས་སམ་དཀར་རྩིས་སུ་གྲགས་ཤིང་། ནག་རྩིས་ཞེས་པ་ནི། རྒྱ་བཟའ་རྣམ་གཉིས་བོད་དུ་བྱོན་པ་ནས་དར་བའི་རྨེ་བ་དགུ་དང་། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། ཀེག༌རྩིས། བག་རྩིས། གཤིན་རྩིས་སོགས་ཐང་རྒྱལ་རབས་དང་། མིང་རྒྱལ་རབས་སོགས་ཀྱི་དུས་རྒྱ་ནག་ནས་བོད་དུ༌དར་བའི་རྩིས་རིག་མང་པོ་ཡོད་པ་དེ་རྣམས་ལ་ཟེར། བོད༌དུ་སྐར་རྩིས་རིག་པ་ཇི་ལྟར་བྱུང་ཚུལ་དང་། རྒྱ་རྩིས་ཟེར༌བའི་གོ་དོན་བཅས་ཀྱི་སྐོར་འདིར་བཀོད་ན་ཡིག་ཚོགས་ཆེ༌བས། གནས་ལྔ་པཎྜིཏ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི《རྒྱ་རྩིས་ཀྱི་གོ་དོན》ཞེས་པའི་དེབ་རྐྱང་པ་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པ་དེ༌དང་། པེ་ཅིན་དཔེ་མཛོད་ཁང་གི་རྩིས་རིག་མཁས་དབང་། ཧོང་རྨིན་ཤིན(黄明信)གྱིས་མཛད་པ《ཚན་རིག་གི་སྒོ་ནས་དཔྱད་པའི་བོད་ཀྱི་སྐར་རྩིས་གོ་དོན》ཞེས་པ་དང་། བོད་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་མཛད་པའི《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་བྱུང་ཚུལ་དང་འཕེལ་རིམ་སྐོར་གླེང་བ》ཞེས་པ་བཅས་སུ་ཞིབ་རྒྱས་གསལ་ཞིང་། མཁས་དབང་རྣམ་པ་གསུམ་གྱི་གསུང་ཚུལ་འགའ་ཞིག་ཟུར་མི་འདྲ་བ་ཡོད་ཀྱང་། གཞི་རྩའི་ཐད་བཞེད་པ་གཅིག་གྱུར་ཏུ་འདུག་པས་དེ་རྣམས་ལ་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
ཕྱི་རོལ་རང་བྱུང་ཁམས་ཀྱི་ཉི་མ་ཟླ་བ་སོགས་རྒྱུ་སྐར་གྱི་འཁོར་འགྲོས་ངེས་ཅན་ལ་བརྟེན་ནས་ས་ཡི་གོ་ལའི་ཐོག་ནམ་དུས་མི་འདྲ་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ཀྱི་ཆོས་ཉིད་ཤེས་རྟོགས་བྱ་ཐབས་ཀྱི་རྩིས་རིག་ཅིག་ལ་ཟེར།
- language:
- Tibetan