- skal bzang dge legs rgya mtsho
- ID:
- T224080
- སྐལ་བཟང་དགེ་ལེགས་རྒྱ་མཚོ (Tibetan, Tibetan script, Original)
- > skal bzang dge legs rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > kalzang gelek gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བཀྲ་ཤིས་འཁྱིལ་ཁྲི་ཆེན། རྗེ་འདི་ཉིད་འཕན་ཡུལ་གྱི་སའི་ཆར་རྔོག་ཆོས་སྐུ་རྡོ༌རྗེའི་གདུང་རྒྱུད་དུ་གཏོགས་པ་ཡབ་གསོལ་ཏོག་དང་ཡུམ་དཔལ་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་(༡༧༧༦)ལོར་སྐུ་བལྟམས། རྗེ་གོང་མའི་གསོལ་དཔོན་ངག་དབང་ཀུན་བཟང་གིས་བདག་བྱས་ཏེ་སྒོ་མང་ཆོས་གྲྭར་ཞུགས། དགུང་གྲངས་བཅུ་གཅིག་པ་མེ་རྟ་ལོར་སྐྱབས་མགོན་མཆོག་གི་བཀའ་བཞིན་མདོ་སྨད་དུ་བྱོན། ཨ་རིག་གསུང་རབ་དང་གཙོས་དཀོན་མཆོག་གཉིས་རིམ་པར་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་དབུ་ཕར་བཅས་ལ་སྦྱངས་བརྩོན་མཛད། རྗེ་སྐལ་ལྡན་པའི་གདན་ས་རོང་པོ་བཀྲ་ཤིས་ཆོས་རྫོང་གི་ཁྲིར་ལོ་ངོ་བཞི་བཞུགས། ཐན་པ་བྱུང་བར་ཚོ་ལྔའི་སྡེ་པ་སོ་སོར་དམིགས་བརྩེ་མའི་ཆར་འབེབ་གནང་། ཆར་འདོད་པ་བཞིན་ཕབ་པས་ལྷག་པར་དད། ཨུརྒེར་ཝང་གི་བླ་མ་ལོ་གསུམ་མཛད། སྨད་དུ་སྔ་ཕྱིར་ཕེབས། པེ་ཅིན་དུ་ཙན་དན་ཇོ་བོ་མཇལ་བས་གཟིགས་སྣང་ཁྱད་པར་ཅན་དང་། རི་བོ་རྩེ་ལྔར་ངོ་མཚར་བའི་ལྟས་མང་དུ་བྱུང་། བེར་ནག་གིས་སྐུ་ཚེར་བར་གཅོད་ཀྱི་ལྟས་བྱུང་སྐབས་མནལ་ལམ་བརྒྱུད་གུར་མགོན་ཡབ་ཡུམ་གྱིས་བཅོས་པར་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས(༡༨༣༡)ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ(༡༨༣༣)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
བཀྲ་ཤིས་འཁྱིལ་ཁྲི་ཆེན། རྗེ་འདི་ཉིད་འཕན་ཡུལ་གྱི་སའི་ཆར་རྔོག་ཆོས་སྐུ་རྡོ་རྗེའི་གདུང་རྒྱུད་དུ་གཏོགས་པ་ཡབ་གསོལ་ཏོག་དང་ཡུམ་དཔལ་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ (༡༩༩༦) ལོར་སྐུ་བལྟམས། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས (༡༨༣༡) ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ (༡༨༣༣) ལོར་སྐུ་གཤེགས།
- language:
- Tibetan