- skal bzang Tam kha
- ID:
- T224082
- སྐལ་བཟང་ཊམ་ཁ (Tibetan, Tibetan script, Original)
- > skal bzang Tam kha (Tibetan, Latin script, Transliteration-THL Extended Wylie Transliteration)
- > kalzang tam kha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དཔྱད་གཞིའི་ཡིག་ཆ་ཁག་གི་ནང་མི་གསལ་ཡང་ངག་རྒྱུན་ཐོག་ཤོད་སྲོལ་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་གསར་དུ་ཐོན་པའི་ཊམ་ཁ་དཀར་པོ་ཡིན་ཟེར། 《རྡོ་རིང་པཎྜི་ཏའི་རྣམ་ཐར》ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་མ་སྟོད་ཆའི་ཤོག་གྲངས༢༣༡པར། ཤིང་རྟ(༡༧༧༤)ལོ་འདི་ནང་ཞེས་པ་ནས་སྐལ་བཟང་ཊམ་ཁར་གྲགས་པ་ཊམ་གསར་དཀར་པོ་ལྷད་མེད་ཤ་སྟག་གི་ཊམ་འབྱེད་ཞེས་གསལ་བས་དེ་དུས་ནས་སྐལ་བཟང་ཊམ་ཁ་བོད་དུ་ཐོན་ཟིན་འདུག་ཅིང་། ལོ་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དགུང་ལོ་བཅུ་བདུན་ལ་ཕེབས་ཡོད། འོན་ཀྱང་བློ་མཐུན་ཤའོ་ཧོའི་ཡོན་གྱིས་བརྩམས་པའི《བོད་ལྗོངས་ས་གནས་ཀྱི་དངུལ་སྒོར་ལོ་རྒྱུས》(《西藏地方货币史》)རྒྱ་ཡིག་ལྕགས་དཔར་མ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པ་དེའི་ཤོག་གྲངས༤༣པར་སྐལ་བཟང་ཊམ་ཁའི་ངོ་སྤྲོད་བྲིས་འདུག་པ་དེའི་མཇུག་ཙམ་དུ་སྐལ་བཟང་ཊམ་ཁ་ནི༡༩༠༩ལོར་གསར་བཟོ་བྱས་ཞེས་བཀོད་འདུག་པ་དེ་ལྟར་ན། མན་ཆིང་གོང་མ་ཤོན་ཐུང(宣统)ཁྲི་ལོ་དང་པོར་སྐལ་བཟང་གཞི་ནས་གསར་ཐོན་བྱུང་བ་འདྲ་ཞིག་བཀོད་འདུག་པས་ངག་རྒྱུན་མ་དག་རྒྱུན་འབྱམས་ཤིག་ཡིན་ནམ། ཡང་ན་སྐལ་བཟང་ཊམ་ཁ་དེ་ལ་ཡང་གསར་རྙིང་གཉིས་ཡོད་པ་གང་ཡིན་དཔྱད་དགོས་ལགས།
- language:
- Tibetan
2. Thupten Phuntsok Dictionary
དཔྱད་གཞིའི་ཡིག་ཆ་ཁག་གི་ནང་མི་གསལ་ཡང་ངག་རྒྱུན་ཐོག་ཤོད་སྲོལ་ལ། ཏཱ་ལའི་བླ་མའི་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་གསར་དུ་ཐོན་པའི་ཊམ་ཁ་དཀར་པོ་ཡིན།
- language:
- Tibetan