- sku 'gag rgyan drug ma
- ID:
- T224097
- སྐུ་འགག་རྒྱན་དྲུག་མ (Tibetan, Tibetan script, Original)
- > sku 'gag rgyan drug ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > ku gak gyen druk ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་དུ་མཁན་པོ་དང་བླ་སྤྲུལ་རྣམ་པ་ཚོས་སྐུ་སྟོད་དུ་བཞེས་པའི་ན་བཟའ་ཕུ་ཐུང་མེད་པ་ལ། གོང་བ། གཤམ་ཆ། སེང་གེ་དཔུང་པ་བཅས་སྣམ་བུ་དམར་པོ་དང་། རྒྱབ་ཀྱི་མེ་ལོང་། རྭ་གཡས་གཡོན། གླང་ཆེན་མཆེ་བ་གཡས་གཡོན་བཅས་གཞི་མཚོན་ཁྲ་མིན་པའི་གོས་ཆེན་དང་། རས་གང་རིགས་སེར་པོའམ་དམར་པོ་བཏང་བའི་སྟོད་འགག་སྟབས་བདེ་ཞིག་ཡིན་ཅིང་། དུས་རབས་བཅོ་བརྒྱད་པའི་གཡས་གཡོན་ལ་རྒྱ་གསེར་གྱི་སྟོད་འགག་དང་། ཆབ་བླུགས་སོགས་ཧ་ཅང་རྒྱས་སྤྲོས་བྱ་སྲོལ་དར་བ་དང་། ཕྱོགས་མཚུངས་མཆོད་རྫས་དང་། མཆོད་པའི་ཡོ་བྱད་རྒྱས་སྤྲོས་བྱེད་པའི་འགྲན་བསྡུར་གྱི་དུས་སྐབས་ཤིག་གྲུབ་མཐའ་རིས་མེད་ཀྱི་དགོན་པ་ཆེ་ཆུང་ཚང་མར་དར་འདུག་པ་ནི་ནང་བསྟན་ཆོས་ལུགས་བཤད་སྒྲུབ་གཉིས་ཀའི་ཆ་ནས་ཉམས་ཆག་ཏུ་སོང་བའི་མཚོན་རྟགས་ཡིན་པར་མངོན།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་བོད་དུ་མཁན་པོ་དང་བླ་སྤྲུལ་རྣམ་པ་ཚོས་སྐུ་སྟོད་དུ་བཞེས་པའི་ན་བཟའ་ཕུ་ཐུང་མེད་པ་ལ། གོང་བ། གཤམ་ཆ། སེང་གེ་དཔུང་པ་བཅས་སྣམ་བུ་དམར་པོ་དང་། རྒྱབ་ཀྱི་མེ་ལོང་། རྭ་གཡས་གཡོན། གླང་ཆེན་མཆེ་བ་གཡས་གཡོན་བཅས་གཞི་མཚོན་ཁྲ་མིན་པའི་གོས་ཆེན་དང་། རས་གང་རིགས་སེར་པོའམ་དམར་པོ་བཏང་བའི་སྟོད་འགག་སྟབས་བདེ་ཞིག་ཡིན་ཅིང་། དུས་རབས་བཅོ་བརྒྱད་པའི་གཡས་གཡོན་ལ་རྒྱ་གསེར་གྱི་སྟོད་འགག་སྟབས་བདེ་ཞིག་ཡིན་ཅིང་། རྒྱ་གསེར་གྱི་སྟོད་འགག་དང་། ཆབ་བླུགས་སོགས་ཧ་ཅང་རྒྱས་སྤྲོས་བྱ་སྲོལ་དར་བའོ། །
- language:
- Tibetan