- sku mched rje drung rnam gnyis
- ID:
- T224103
- སྐུ་མཆེད་རྗེ་དྲུང་རྣམ་གཉིས (Tibetan, Tibetan script, Original)
- > sku mched rje drung rnam gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > kuché jé drung nam nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཏཱ་ལའི་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡབ་ཆེན་ཨ་ལི་དཔལ་ལྡན་དོན་གྲུབ་ཀྱི་སྐུ་མཆེད་རྗེ་དྲུང་ཨ་ཁུ་ལགས་སུ་གྲགས་པ་བློ་བཟང་ཕུན་ཚོགས་དང་བློ་བཟང་དགེ་འདུན་གཉིས་ལ་ཟེར། ཁོང་གཉིས་རྣམ་ཀུན་སྲིད་དོན་ཐོག་དབང་ཤུགས་ཆེ་ཙམ་བྱུང་བར་བརྟེན། སྲིད་སྐྱོང་ཚེ་སྨོན་གླིང་པེ་ཅིན་དུ་བཞུགས་རིང་གོར་བོད་ས་མཚམས་ཀྱི་རྩོད་ཉོག་ལངས་སྐབས་གོར་ཁ་དང་ཞི་མཐུན་ཆིངས་འགྲིགས་བྱས་ཏེ་ཆིངས་དངུལ་སྤྲོད་ཐབས་ཁོ་ན་མ་གཏོགས་གོར་ཁའི་དམག་ལ་གདོང་ལེན་འཐབ་རྩོད་བྱ་མི་དགོས་པའི་འདོད་ཚུལ་བཟུང་ནས་ཆིངས་དངུལ་འབོར་ཆེན་སྤྲོད་རྒྱུ་ཁས་ལེན་བྱས་པའི་ཆིངས་ཡིག་བཞག་པ་བཅས་བྱེད་མཁན་དེ་གཉིས་རེད། དེར་བརྟེན་གོར་བོད་དམག་འཁྲུག་དོན་གཅོད་བློན་ཆེན་ཧྥུ་ཁང་ཨན་གྱིས་གཏན་འབེབས་བྱས་པའི《ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུ་པ》ཞེས་པའི་དོན་ཚན་བཅུ་གཉིས་པར། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་ཞལ་བཞུགས་རིང་སྐུའི་ཉེ་རིགས་རྣམས་ནས་ལས་དོན་བྱེད་མི་ཆོག་པ་དང་། ཞིང་བརྗེས་པའི་རྗེས་སུ་སྐུ་ཉེ་རྣམས་ལ་ཤེས་འཁོས་དང་བསྟུན་པའི་ལས་དོན་བྱས་ཆོག་ཅེས་པའི་གཏན་འབེབས་དེ་ལྟར་བྱུང་བ་རེད།
- language:
- Tibetan
2. Thupten Phuntsok Dictionary
ཏཱ་ལའི་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡབ་ཆེན་ཨ་ལི་དཔལ་ལྡན་དོན་གྲུབ་ཀྱི་སྐུ་མཆེད་རྗེ་དྲུང་ཨ་ཁུ་ལགས་སུ་གྲགས་པ་བློ་བཟང་ཕུན་ཚོགས་དང་བློ་བཟང་དགེ་འདུན་གཉིས་ལ་ཟེར།
- language:
- Tibetan