Skip to main content Skip to search
sku gdung cha brgyad mnyam par bgos
ID:
T224117
  • སྐུ་གདུང་ཆ་བརྒྱད་མཉམ་པར་བགོས (Tibetan, Tibetan script, Original)
    • > sku gdung cha brgyad mnyam par bgos (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kudung cha gyé nyampar gö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྔོན་དུས་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་ཞུགས་འབུལ་བྱེད་སྐབས་སྡིག་ཅན་གྱི་ཡུལ་དུ་གནས་པའི་གྱད་མི་རྣམས་དང་རྟོག་གཡོའི་ཡུལ་གྱི་རྒྱལ་རིགས་པུ་ལུ་ཀ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཀྲོདྷ། ཁྱབ་འཇུག་གླིང་དུ་གནས་པའི་བྲམ་ཟེ། གྲོང་ཁྱེར་སེར་སྐྱའི་ཡུལ་དུ་གནས་པའི་ཤཱཀྱ། གྲོང་ཁྱེར་ཡངས་པ་ཅན་དུ་གནས་པའི་ལི་ཙཱ་བྱི་བཅས་ཁག་བརྒྱད་སྔ་རྗེས་སུ་འོངས་ནས་སྐུ་གདུང་ང་ཚོར་དགོས་ཞེས་རྩོད་གླེང་བྱུང་སྐབས། བྲམ་ཟེ་བྲེ་བོ་དང་མཉམ་པས་སྐུ་གདུང་ཆ་བརྒྱད་དུ་བགོས་པས་མ་གྷ་དྷ་ཡི་ཁལ་རེ་རེ་བྱུང་བ་སྦྱིན་པ་དེ་ཁྱེར་ནས་རང་རང་གི་ཡུལ་དུ་སྐུ་གདུང་ཡོད་པའི་མཆོད་རྟེན་རེ་བཞེངས། སྐུ་གདུང་སྲེག་སྐབས་ཀྱི་སྲེག་བུམ་དེ་བྲམ་ཟེ་རང་ཉིད་ཀྱི་སྐལ་བར་ཁྱེར་བ་བཅས་ཀྱི་ལོ་རྒྱུས་ཡོད་པ་དེ་ཡིན།

language:
Tibetan

2. Thupten Phuntsok Dictionary