- sku gdung zhugs 'bul
- ID:
- T224119
- སྐུ་གདུང་ཞུགས་འབུལ (Tibetan, Tibetan script, Original)
- > sku gdung zhugs 'bul (Tibetan, Latin script, Transliteration-THL Extended Wylie Transliteration)
- > kudung shyuk bul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ་རང་གི་བླ་མ་དང་། དགེ་རྒན། ཕ་མ་བཅས་རང་རང་སོ་སོར་བཀའ་དྲིན་ཆེ་བའི་གང་ཟག་ཁྱད་པར་ཅན་སྐུ་གཤེགས་རྗེས་སྐུ་ཕུང་དེ་ས་ཕྱོགས་གཙང་མའམ་དུར་ཁྲོད་གཙང་མ་ཞིག་ཏུ་གདན་དྲངས་ཏེ་ཙན་དན་དང་། ཨ་ཀ་རུ། ཤུག་པ་སོགས་དྲི་ཞིམ་པོའི་ཤིང་བརྩེགས་པའི་དབུས་སུ་རས་དཀར་པོས་སྐུ་གཟུགས་ཡོངས་རྫོགས་དཀྲིས་ཏེ། མར་དང་སྣུམ་སོགས་བླུགས་ནས་བསྲེག་པ་ལ་ཟེར། དེ་ཡང་མདོ་ལུགས་གོང་དུ་བཤད་པ་དེ་མ་གཏོགས་པའི་དམིགས་བསལ་གྱི་ཆོ་ག《རྡོ་རྗེ་གུར》དང་《ངན་སོང་སྦྱོང་རྒྱུད》སོགས་ལས་གསུངས་པ་བཞིན་བུ་སྟོན་རིན་པོ་ཆེ་དང་། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ་པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་དགེ་ལུགས་ཕྱོགས་ཀྱི་དམ་པ་མང་པོས་མཛད་པ་ཡོད་ཅིང་། གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་གཞན་དག་གིས་མཛད་པ་འགའ་ཞིག་ཀྱང་མཇལ། སྤྱིར་བཏང་དགེ་ལུགས་ཕྱོགས་ལ་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི《རྡོ་རྗེ་སེམས་དཔའི་སྒོ་ནས་ཡུལ་ཁྱད་པར་ཅན་གྱི་སྐུ་གདུང་མཆོད་ཅིང་བྱང་བའི་ཆོ་ག་རིན་ཆེན་སྒྲོན་མེ》ཞེས་བྱ་བ་དམ་པ་དེའི་གསུང་འབུམ་ལྷ་ས་ཞོལ་དཔར་མའི་པོད[ང]པའི་ནང་བཞུགས་པ་དེ་རང་ཞལ་གསལ་ཞིང་འཇུག་པ་བདེ་བ་ཡོད་ལ། དེའི་ནང་སྐྱེས་ཆེན་དམ་པ་དགོངས་པ་མྱ་ངན་ལས་འདའ་ཁར་ཐུགས་དམ་གསལ་འདེབས་ཇི་ལྟར་ཞུ་བ་དང་སྐུ་གཤེགས་རྗེས་སྐུ་གདུང་ལྷར་བསྐྱེད་དེ་གདུང་ཁྲུས་དང་། མཆོད་འབུལ། དགོངས་རྫོགས་ཆོ་ག་སྐུ་གདུང་ཞུགས་འབུལ། ས་གནས་གཞན་དག་ནས་གདན་ས་དང་ཞུགས་འབུལ་ཞུ་ཡུལ་གྱི་བར་གདན་དྲངས་ཚུལ། ཞུགས་འབུལ་ཞུས་ཟིན་པའི་སྐུ་རུས་དང་རིང་བསྲེལ་སོགས་བདག་གཅེས་ཞུ་སྟངས། སྐུ་གདུང་ཞུགས་འབུལ་ཞུ་སའི་ས་གནས་དེར་མཆོད་རྟེན་བཞེངས་ཚུལ་སོགས་ཞིབ་ཅིང་ཕྲ་བར་གསུངས་ཡོད་ཅིང་། གསུངས་པ་དེ་དག་དཔེ་ཐོག་བྲོ་བརྡུང་ཀྱིས་ཤེས་རློམ་མི་བྱ་བར། མཐོང་བ་བརྒྱུད་པའི་ཕྱག་ལེན་བཟང་པོ་དང་ཉམས་མྱོང་ཚད་ལྡན་མངའ་བའི་དགེ་བའི་བཤེས་གཉེན་ལ་བསྟེན་ནས་མྱོང་གོམས་བྱང་ཆུབ་པ་ཞིག་ངེས་པར་གལ་ཆེ་བར་སྣང་ངོ། གོང་གསལ《གདུང་ཆོག》དེར་མི་གསལ་བའི་མཐོང་བརྒྱུད་ཕྱག་ལེན་གཞན་དག་སྐོར། རང་ལ་ཆོས་འབྲེལ་ཐོབ་པའི་བླ་མ་དང་། དགེ་རྒན་སོགས་དགོངས་པ་རྫོགས་རྗེས་སྐུ་གདུང་ལ་ཕྱག་གསུམ་ཕུལ་ཏེ་རས་དཀར་པོ་གཙང་མ་ཞིག་གིས་ཞལ་གྱི་ཨོལ་སྐོའི་འོག་ནས་སྐུའི་ཐུགས་ཀ་བར་བཀབ་སྟེ་བཞག་ཐོག་ཐུགས་དམ་གྲོལ་བའི་རྟགས་མ་བྱུང་བར་སྐུ་གདུང་ལ་བསྒུལ་བསྐྱོད་སོགས་མི་གཏོང་། ཐུགས་དམ་གྲོལ་བའི་རྟགས་ཤངས་བུག་གཉིས་ནས་བྱང་སེམས་དཀར་དམར་ཕེབས་མཚམས་སྐུ་གདུང་ལ་དར་གོས་དཀར་པོའམ་དམར་སེར་གང་རིགས་ཀྱིས་དྲུག་ཆིངས་ཕུལ་ཏེ་ཆེད་གཉེར་གྱིས་བཟོས་པའི་གདུང་སྒྲོམ་ནང་དུ་བཞག་ནས་དེ་ལ་ན་བཟའ་ཆོས་གོས་སྣམ་སྦྱར་སོགས་རབ་བྱུང་གི་ཆས་དང་། དེའི་སྟེང་དུ་ལྷའི་ཆས་འཇུག་བསྒྲོན་ཏེ་དགུང་ཞག་ཇི་ཙམ་འོས་པའི་རིང་གདུང་ཁྲུས་དང་། གདུང་སྒྲུབ། དད་ལྡན་ཁག་གི་དགོངས་རྫོགས་མཆོད་འབུལ་བཅས་གྲུབ་མཚམས། ས་ཕྱོགས་གཙང་ས་ཞིག་ཏུ་སོ་ཕག་སོགས་ཀྱིས་སྐུ་གདུང་སྲེག་ཐབ་། བརྩིགས་ཏེ། དེའི་སྟེང་དུ་ཟླུམ་པོ་མདུན་དུ་མེ་སྒོ་ཡོད་པ་ཞིག་གི་ནང་དུ་སྟོད་གྱི་ཆར་ལྕགས་ཁྲས་བཀབ་པའི་སྟེང་དུ་སྐུ་གདུང་བཞག་སྟེ། ཤུག་པ་དང་ཙན་དན་སོགས་དྲི་བཟང་པོའི་ཤིང་ཕྱོགས་བཞི་ནས་བརྩིགས་པ་ལ། ཏིལ་སྣུམ་དང་། མར་ཁུ་བསྲེས་པ་བླུགས་ནས་སྐུ་རུས་རྣམས་གཙང་མར་མ་ཚིག་བར་དུ་ཆོ་གའི་ནང་དུ་གསལ་བ་ལྟར་ཞུགས་འབུལ་ཞུས། ཉིན་ཤས་སོང་རྗེས་སྤུར་ཁང་ཞལ་ཕྱེ་ནས་སྐུ་གདུང་གི་ཆ་ཤས་འགའ་ཞིག་དད་ལྡན་སློབ་མ་དང་ཡོན་བདག་རྣམས་ལ་བགོས་འགྲེམས་ཐོགམང་ཆེ་བ་སྐུ་གདུང་གི་མཆོད་རྟེན་དང་འདྲ་སྐུ་བཞེངས་པའི་ནང་གཟུངས་སུ་ཕུལ་དགོས་པ་ཡིན། སྐུ་གདུང་ལ་དྲུག་ཆིངས་འབུལ་ཚུལ་སྐོར་གནས་ལྔ་རིག་པའི་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི《རང་རྣམ》དམ་པ་དེའི་གསུང་འབུམ་ལྕགས་དཔར་མ་དེབ་དང་པོའི་ཤོག་གྲངས༦༩༥ནས༦༩༦བར་གསལ་ཞིང་། སྤྱིར་བཏང་གང་ཟག་ཕལ་པའི་ཕུང་པོ་མེར་སྲེག་བྱ་ཚུལ་སྐོར་དགེ་ལུགས་ཕྱོགས་ལ་ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་གསུང་འབུམ་ལྷ་ས་དཔར་མའི་པོད[ང]པའི་ནང《གཤིན་པོའི་ཕུང་པོ་སྲེག་སྦྱང་བྱ་ཚུལ་གྱི་ལག་ལེན་གསལ་བར་སྟོན་པ་ཐར་པའི་སྒོ་འབྱེད》ཅེས་པ་ཞིག་ཡོད་པ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
ནང་པ་སངས་རྒྱས་ཆོས་གཞུང་ནས་རང་གི་བླ་མ་དང་། དགེ་རྒན། ཕ་མ་བཅས་རང་རང་སོ་སོར་བཀའ་དྲིན་ཆེ་བའི་གང་ཟག་ཁྱད་པར་ཅན་སྐུ་གཤེགས་རྗེས་སྐུ་ཕུང་དེ་ས་ཕྱོགས་གཙང་མའམ་དུར་ཁྲོད་གཙང་མ་ཞིག་ཏུ་གདན་དྲངས་ཏེ་ཙན་དན་དང་། ཨ་ཀ་རུ། ཤུག་པ་སོགས་དྲི་ཞིམ་པོའི་ཤིང་བརྩེགས་པའི་དབུས་སུ་རས་དཀར་པོས་སྐུ་གཟུགས་ཡོངས་རྫོགས་དཀྲིས་ཏེ། མར་དང་སྣུམ་སོགས་བླུགས་ནས་བསྲེག
- language:
- Tibetan