Skip to main content Skip to search
sku mdun mkhan po
ID:
T224123
  • སྐུ་མདུན་མཁན་པོ (Tibetan, Tibetan script, Original)
    • > sku mdun mkhan po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ku dün khenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡོངས་གྲགས་སུ་སྐུ་བཅར་སྤྱི་ཁྱབ་མཁན་པོ་ཞེས་འབོད་པ་དེ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་སྐུ་འབུམ་ནས་བོད་ས་གནས་སུ་ཐོག་མར་གདན་དྲངས་ནས་ཕོ་བྲང་པོ་ཏཱ་ལར་གསེར་ཁྲི་མངའ་གསོལ་ཞུས་པའི་སྔ་རྗེས་ཀྱི་སྤྱི་ཁྱབ་མཁན་པོ་སུ་ཡིན་རྣམ་ཐར་གྱི་ནང་གསལ་པོར་མ་འཁོད་པས་བརྟག་དགོས། སྐུ་མདུན་མཁན་པོའམ་ཡོངས་གྲགས་ཀྱི་གཞུང་སྲོལ་ཡིག་ཆ་ཁག་ཏུ་སྐུ་བཅར་སྤྱི་ཁྱབ་མཁན་པོ་ཞེས་འབོད་པ་དེ་ནི། ཏཱ་ལའི་བླ་མའི་སྐུའི་གམ་བཅར་རྩེ་སྐོར་རིམ་པ་གསུམ་པའི་གདན་ཐོབ་དང་གོ་གནས་ཡོད་པ་ཞིག་སྟེ《བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་བདམས་སྒྲིགས》ཨང༡༣པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་གསར་དུ་བྱུང་བའི་དཔོན་རིགས་ཤིག་ཡིན་པར་བཤད། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་ནང་བཀའ་ཤག་ཚུགས་རྗེས་ནས་སྐུ་མདུན་དར་ཧན་མཁན་པོ་བསྐལ་བཟང་ཡོན་ཏན་དང་། གསོལ་དཔོན་མཁན་པོ་གྲགས་པ་མཐའ་ཡས། གཟིམས་དཔོན་མཁན་པོ་བྱམས་གླིང་བློ་བཟང་ཚེ་རིང་། མཆོད་དཔོན་སྡེ་དྲུག་མཁན་པོ་བློ་བཟང་རྣམ་རྒྱལ་བཅས་ཀྱི་མིང་ཡང་ཡང་ཐོན་པ་བཅས་ལ་བརྟགས་ན་སྐུ་བཅར་མཁན་པོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནས་ཡོད་འདྲ་ཡང་སྐུ་བཅར་ནང་མ་ཁག་དང་། རྩེ་དྲུང་ཡོངས་ཀྱི་འགོ་གཙོ་ལྟ་བུ་ཞིག་ལས་སྲིད་དོན་ཐོག་དབང་ཆ་གང་ཡང་མེད་པ་ཞིག་ཡིན། རྗེས་སུ་སྐུ་ཕྲེང་བརྒྱད་པའི་སྐབས་ཡབ་གཞིས་ཨ་ཁུ་ལགས་གཉིས་ཀྱིས་ཏཱ་ལའི་བླ་མའི་མཚན་གནས་བེད་སྤྱད་ནས་སྲིད་དོན་ཐོག་དབང་ཆ་བཀའ་ཤག་ལས་ཀྱང་ཆེ་བ་ལྟ་བུའི་སྐྱོན་ཆ་ལྷགས་པའི་རྗེས་ནས་ཏཱ་ལའི་བླ་མ་ཞལ་བཞུགས་རིང་སྐུའི་ཉེ་རིགས་ནས་སྲིད་དོན་ལས་གནས་བཟུང་མི་ཆོག་པ་དང་། དེའི་ཚབ་ཏུ་སྐུ་མདུན་མཁན་པོའི་གོ་གནས་བཀའ་བློན་དང་འདྲ་བའི་ཐོགཏཱ་ལའི་བླ་མ་སྐུ་སྒེར་གྱི་སྦུག་དམ་གྱི་ཐམ་འཛིན་ལས་འགན་ཁུར་ནས། སྐུ་བཅར་སྤྱི་ཁྱབ་མཁན་པོ་ཞེས་དབང་ཆ་ཆེ་རུ་སོང་བ་ཡིན་འདྲ་སྙམ། སྐུ་བཅར་སྤྱི་ཁྱབ་མཁན་པོའི་བྱེད་སྒོའི་སྐོར་ཞིབ་པར་གོང་གསལ་གྱི་ཡིག་ཆ་དེའི་ཤོག་གྲངས་༡༩ནས༢༢བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

ཡོངས་གྲགས་སུ་སྐུ་བཅར་སྤྱི་ཁྱབ་མཁན་པོ་ཞེས་འབོད་པ་དེ་ཡིན།

language:
Tibetan