Skip to main content Skip to search
sku 'bum thang
ID:
T224134
  • སྐུ་འབུམ་ཐང (Tibetan, Tibetan script, Original)
    • > sku 'bum thang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ku bum tang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་ཤར་ཕྱོགས་སུ་ཡོད་པའི་ཐང་ཞིག་སྟེ། སྔར་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་རབ་བྱུང་དང་པོའི་གོང་གི་མེ་འབྲུག (༡༠༡༦) ལོར་ནས་རབ་བྱུང་གསུམ་པའི་ས་རྟ (༡༡༩༨) ལོའི་བར་དགུང་ལོ་བརྒྱ་དང་བརྒྱད་ཅུ་བཞུགས་པར་དངོས་སློབ་རྭ་ཡེ་ཤེས་སེང་གེས་མཛད་པའི་རྣམ་ཐར་ན་སའི་ཤར་ཕྱོགས་ལྡན་གྱི་ལུང་པར་བཞུགས་པ་ལས་ཐེངས་གཅིག་ཐང་དེའི་ཐོག་དབང་གནང་སྐབས་མི་ཚོགས་འཚང་ཀ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་སྐུ་འབུམ་གཅིག་ལ་སྤྲུལ་ནས་དབང་གནང་བས་དེ་ནས་བཟུང་ཐང་དེར་སྐུ་འབུམ་ཐང་དུ་ཐོགས་པ་ཡིན་ཞེས་གོང་གསལ་རྣམ་ཐར་དེར་འཁོད་འདུག དེང་སང་ས་གནས་དེའི་རྒྱུད་དུ་གྲོང་མིའི་སྡོད་ཁང་གིས་ཁེངས་ནས་ཡོད།

language:
Tibetan