Skip to main content Skip to search
sku zhang grags pa rgyal mtshan
ID:
T224148
  • སྐུ་ཞང་གྲགས་པ་རྒྱལ་མཚན (Tibetan, Tibetan script, Original)
    • > sku zhang grags pa rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ku shyang drakpa gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྐུ་ཞང་རྔ་སྒྲ་ལ་སྲས་གཅིག་ལས་མ་བྱུང་བ་དེ་ཡིན། དེས་དགུང་ལོ་ཆུང་དུས་ཡོན་རྒྱལ་རབས་ཀྱི་གོང་མ་ཨོ་ཇོལ་ཐུ་ཡི་དྲུང་དུ་ཕེབས། ཤེལ་གྱི་འོན་ཙེ་རྨ་བྱའི་གཟུགས་ཆང་གིས་གང་བ་གནང་། དབུས་གཙང་མངའ་རིས་སྐོར་གསུམ་གྱི་ཁྱིམ་བདག་ཧུ་ཤྲི་ཏུའུ་ཡོན་ཧྲོའི་གོ་གནས་དང་། དངུལ་ཐམ་སྟག་མགོ་མ་ནོར་བུ་གཉིས་པ་དང་། ཞྭ་ལུ་ཁྲི་སྐོར་གྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱི་བདག་ཐོབ་གནང་། སོག་ཡུལ་དང་རྒྱ་ཡུལ་གྱི་བཟོ་བོ་མཁས་པ་བོད་དུ་བཀུག་ནས་ཞྭ་ལུའི་ལྷ་ཁང་ཆེན་མོ་ཕྱོགས་བཞིར་གློ་འབུར་བཞི་དང་། སྟེང་གི་ལྷ་ཁང་ཕྱོགས་བཞིའི་སྟེང་རྒྱ་ཕིབས་གཡུ་རྩི་མ། ཁོར་ཡུག་ཏུ་མདའ་ཡབ་གཡུ་རྩི་ཅན་ཡོད་པ། ནང་དུ་དུས་གསུམ་སངས་རྒྱས་སོགས་ཀྱི་སྐུ་བརྙན་ཧ་ཅང་མང་པོ་བཞུགས་པ་བཞེངས་ཤིང་། རབ་བྱུང་ལྔ་པའི་ལྕགས་སྤྲེལ(༡༣༢༠)ལོར་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་དགུང་ལོ་སུམ་ཅུ་སོ་གཅིག་ལ་ཕེབས་པ་སྤྱན་དྲངས་ནས། མདོ་སྔགས་ཀྱི་འཆད་ཉན་དང་ཆོ་ག་ཕྱག་བཞེས་ཀྱི་རྒྱུན་རྣམ་པར་དག་པ་བོད་དུ་གང་ཡོད་བཙུགས་པའི་སྦྱིན་བདག་གི་གཙོ་བོ་གནང་བ་སོགས་མཛད་རྗེས་རླབས་ཆེ། ལོ་རྒྱུས་ཅུང་ཟད་ཞིབ་པ་གོང་གསལ《མྱང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༡༦༨ནས༡༧༣བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

སྐུ་ཞང་རྔ་སྒྲ་ལ་སྲས་གཅིག་ལས་མ་བྱུང་བ་དེ་ཡིན།

language:
Tibetan