- sku yal ba rin chen mgon
- ID:
- T224160
- སྐུ་ཡལ་བ་རིན་ཆེན་མགོན (Tibetan, Tibetan script, Original)
- > sku yal ba rin chen mgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > ku yalwa rinchen gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟག་ལུང་ཐང་པ་རིན་པོ་ཆེའི་སློབ་མ་ཐུགས་རྩིས་ཆེ་ཤོས་ཤིག་ཡིན། རབ་བྱུང་གསུམ་པའི་ལྕགས་ཕག(༡༡༩༡)ལོར་མདོ་སྟོད་རབ་སྒང་གི་མཁར་དབུས་མ་མལ་ཞོལ་དུ་ཡབ་བན་བློན་མགོ་ཡག་དང་། ཡུམ་ཟི་བཟའ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། མ་འཁྲུངས་གོང་དུ་ཡབ་ཀྱིས་སྟག་ལུང་དུ་ཐང་པ་རིན་པོ་ཆེ་མཇལ་སྐབས། ཁྱེད་རང་ལ་བུ་གཅིག་སྐྱེས་རྒྱུ་འདུག་པ་ང་ལ་འབུལ་དགོས་ཞེས་གསུངས་པ་ལྟར། འཁྲུངས་ནས་ལོ་བཅུ་གཅིག་སོན་སྐབས་སྟག་ལུང་ཐང་པ་རིན་པོ་ཆེས་སྣམ་བུས་བཟོས་པའི་ཟླ་གམ་ཆུང་བ་ཞིག་བསྐུར་ནས་བྱིས་པ་དེ་བཙུན་པ་བཟོ་དགོས་གསུངས་པ་ལྟར་དགུང་ལོ་བཅུ་གསུམ་པ་ལ་དབུས་སུ་བྱོན་ནས་ཐང་པ༌རིན་པོ་ཆེ་དང་མཇལ་ཏེ་ཆོས་གསན། ཆོས་ཞུ་བའི་སྐབས༌མ་གཏོགས་པ་སྤྱིལ་བུ་སྒོ་ཤར་ལྟ་ཞིག་ཏུ་འདག་སྦྱར་གྱིས་སྒྲུབ་པ་ཉམས་བཞེས་ལོ་བདུན་མཛད། དགུང་ལོ་བཅུ་དགུ་པ་ལ་མཁན་པོ་གཙང་པ་རིན་པོ་ཆེ་དང་། སློབ་དཔོན་སངས་རྒྱས་སྒོམ་པ་གཉིས་ཀྱི་དྲུང་ནས་བསྙེན་རྫོགས༌ཀྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་བཞེས་སྐབས་རྗེ་བཙུན༌ཐང་པ་རིན་པོ་ཆེ་སྐུ་གཤེགས་ཁར་སྐུ་བཅམ་དང་། དབུ་ཞྭ་ཞིག་གནང་ནས་བསྟན་པའི་བདག་པོར་བསྐོས། རྗེ་བཙུན་ཐང་པ་རིན་པོ་ཆེའི་སྐུ་གདུང་བཞུགས་པའི་དངུལ་གདུང་ཆེ་འབྲིང་ཆུང་གསུམ་དང་། དངུལ་སྐུ་ཆེན་མོ་བཞེངས། དགུང་ལོ་སུམ་ཅུ་སོ་བཞི་པ་རབ་བྱུང་བཞི་པའི་ཤིང་སྤྲེལ(༡༢༢༤)ལོར་སྟག་ལུང་ལྷ་ཁང་ཆེན་མོ་ཀ་བ་བརྒྱད་ཅུའི་ནང་དུ་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། ཆོས་བརྩིག་གླེགས་བམ་ཆེན་པོ་པོད་ཁྲི་ལྷག་དང་། ལྡེབས་བྲིས་སོགས་བཀོད་པས་ཕུན་སུམ་ཚོགས་པ་བཞེངས་གནང་མཛད་ཅིང་། ཐོག་མར་གྲྭ་ཚོགས་བདུན་བརྒྱ་ཙམ་ལས་མེད་ཀྱང་། སྐུ་ཚེའི་སྨད་དུ་གྲྭ་ཚོགས་ལྔ་སྟོང་ཙམ་དུ་འཕེལ་ཞིང་། འདུལ་ཁྲིམས་གཙང་བའི་མིག་དཔེར་འོས་པ་བྱུང་། སྐུ་ཚེ་རིང་པོ་མ་བཞུགས་ཀྱང་ཆོས་སྲིད་གཉིས་ཀའི་མཛད་འཕྲིན་རླབས་ཆེ་ཞིང་། དགུང་ལོ་ཞེ་བདུན་པ་རབ་བྱུང་བཞི་པའི་མེ་སྤྲེལ་(༡༢༣༦)ལོར་དགོངས་པ་གཞན་དོན་དུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པར་རྟེན་ངོ་མཚར་ཅན་མང་དུ་བྱོན་པ་རྣམས་གདུང་རྟེན་བཞེངས་པའི་ནང་དུ་བཞུགས། རྣམ་ཐར་ལོ་རྒྱུས་གནད་བསྡུས《དེབ་ཐེར་སྔོན་པོ》ལྕགས་དཔར་མ་སྨད་ཆའི་ཤོག་གྲངས༧༣༠ནས༧༣༧བར་དང་། 《སྟག་ལུང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༢༤༨ནས༢༦༨བར་གསལ་ཞིང་། ཡང་རྣམ་ཐར་ཆེན་མོ་འགའ་པ་བློ་ལྡན་ཤེས་རབ་ཀྱིས་མཛད་པ་ཞིག་ཡོད་ཚུལ་གོང་གསལ་ཆོས་འབྱུང་ནང་གསལ་ཡང་ད་ཕན་མ་མཇལ་ལགས།
- language:
- Tibetan
2. Thupten Phuntsok Dictionary
ལུང་ཐང་པ་རིན་པོ་ཆེའི་སློབ་མ་ཐུགས་རྩིས་ཆེ་ཤོས་ཤིག་ཡིན། རབ་བྱུང་གསུམ་པའི་ལྕགས་ཕག་ (༡༡༩༡) ལོར་མདོ་སྟོད་རབ་སྒང་གི་མཁར་དབུས་མ་མལ་ཞོལ་དུ་ཡབ་བན་བློན་མགོ་ཡག་དང་། ཡུམ་ཟི་བཟའ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། མ་འཁྲུངས་གོང་དུ་ཡབ་ཀྱིས་སྟག་ལུང་དུ་ཐང་པ་རིན་པོ་ཆེ་མཇལ་སྐབས། ཁྱེད་རང་ལ་བུ་གཅིག་སྐྱེས་རྒྱུ་འདུག་པ་ང་ལ་འབུལ་དགོས་ཞེས་གསུངས་པ་ལྟར། དགུང་ལོ་ཞེ་བདུན་པ་རབ་བྱུང་བཞི་པའི་མེ་སྤྲེལ་ (༡༢༣༦) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan