Skip to main content Skip to search
sku srung gi stong sde
ID:
T224170
  • སྐུ་སྲུང་གི་སྟོང་སྡེ (Tibetan, Tibetan script, Original)
    • > sku srung gi stong sde (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ku sung gi tong dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱུན་དུ་བཙན་པོའི་ཕོ་བྲང་གི་ཉེ་འཁོར་དང་བཙན་པོ་ངོ་མ་དམག་སར་ཕེབས་སྐབས་ཉེན་རྟོག་བདེ་སྲུང་གི་ལས་དོན་སྒྲུབ་མཁན་དཔུང་སྡེ་སྟེ། དེ་ཡང་《མཁས་པ་ལྡེའུའི་ཆོས་འབྱུང》ལྕགས་དཔར་མའི་གྲངས༢༥༨ནས༢༥༩བར་གསལ་བ་ནི་རུ་ལག་གི་སྟོང་སྡེ་ལ་སྐུ་སྲུང་ལྷོ་ཕྱོགས་པའི་སྟོང་སྡེ་གཅིག་རྩིས་པའི་སྟོང་སྡེ་བཅུ་དང་། གཡས་རུའི་སྟོང་སྡེ་ལ་སྐུ་སྲུང་ནུབ་ཕྱོགས་པའི་སྟོང་སྡེ་གཅིག་རྩིས་པའི་སྟོང་སྡེ་བཅུ། དབུ་རུའི་སྟོང་སྡེ་ལསྐུ་སྲུང་ཤར་ཕྱོགས་པའི་སྟོང་སྡེ་གཅིག་རྩིས་པའི་སྟོང་སྡེ་བཅུ། གཡོན་རུའི་སྟོང་སྡེ་ལ་སྐུ་སྲུང་བྱང་ཕྱོགས་པའི་སྟོང་སྡེ(འདིར་དཔར་མའི་ནང་སྐུ་སྲུང་ཤར་ཕྱོགས་པ་ཞེས་པ་ཡིག་ནོར)གཅིག་རྩིས་པའི་སྟོང་སྡེ་བཅུ་བཅས་དེ་ནི་བོད་རུ་བའིའི་སྟོང་སྡེ་བཞི་བཅུའོ་ཞེས་གསལ་བ་ལྟར《ཆོས་འབྱུང་མཁས་པའི་དགའ་སྟོན》གོང་གསལ་གྱི་ཤོག་གྲངས་དེར་གཅིག་མཚུངས་སུ་འཁོད་འདུག་པས་ཞིབ་པར《ཆོས་འབྱུང》གོང་འཁོད་གཉིས་སུ་གསལ།

language:
Tibetan

2. Thupten Phuntsok Dictionary

རྒྱུན་དུ་བཙན་པོའི་ཕོ་བྲང་གི་ཉེ་འཁོར་དང་བཙན་པོ་ངོ་མ་དམག་སར་ཕེབས་སྐབས་ཉེན་རྟོག་བདེ་སྲུང་གི་ལས་དོན་སྒྲུབ་མཁན་དཔུང་སྡེ།

language:
Tibetan