- sku gsum yan lag bdun ldan
- ID:
- T224175
- སྐུ་གསུམ་ཡན་ལག་བདུན་ལྡན (Tibetan, Tibetan script, Original)
- > sku gsum yan lag bdun ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > ku sum yenlak dünden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་གར་གྱི་པནྜི་ཏ་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། རྒྱུན་མི་ཆད་དང་སྙིང་རྗེས་ཡོངས་གང་འགོག་པ་མེད་ཅེས་གསུངས་པ་ལྟར། ༡སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ནི་རང་བཞིན་མེད་པའི་ཡན་ལག༢གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་སུ་དག་པའི་ལོངས་སྐུ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག ༣རང་སྣང་གི་ཡུམ་དང་ཞལ་སྦྱོར་བ་ནི་ཁ་སྦྱོར་གྱི་ཡན་ལག ༤ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་ལ་གང་བ་ནི་བདེ་བ་ཆེན་པོའི་ཡན་ལག༥སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་མཛད་པ་ལ་ནམ་ཡང་གཡེལ་བ་མེད་པ་ནི་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག ༦ནམ་མཁའ་ཇི་སྲིད་ཀྱི་བར་དུ་རྒྱུན་ཆད་མེད་པ་ནི་རྒྱུན་མི་ཆད་པའི་ཡན་ལག ༧འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པ་ནི་འགོག་པ་མེད་པའི་ཡན་ལག་བཅས་བདུན་པོ་དེ་ཡིན་ཅིང་། ཆོས་སྐུ་ལ་ཡན་ལག་གཅིག་དང་། ལོངས་སྐུ་ལ་ཡན་ལག་གསུམ། སྤྲུལ་སྐུ་ལ་ཡན་ལག་གསུམ་བཅས་ཡོད།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་གར་གྱི་པཎྜི་ཏ་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། རྒྱུན་མི་ཆད་དང་སྙིང་རྗེས་ཡོངས་གང་འགོག་པ་མེད་ཅེས་གསུངས་པ་ལྟར། ༡ སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ནི་རང་བཞིན་མེད་པའི་ཡན་ལག ༢ གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་སུ་དག་བའི་་ལོངས་སྐུ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག ༣ རང་སྣང་གི་ཡུམ་དང་ཞལ་སྦྱོར་བ་ནི་སྦྱོར་གྱི་ཡན་ལག ༤ ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་ལ་གང་བ་ནི་བདེ་བ་ཆེན་པོའི་ཡན་ལག ༥ སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་མཛད་པ་ལ་ནམ་ཡང་གཡེལ་བ་མེད་པ་ནི་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག ༦ ནམ་མཁའ་ཇི་སྲིད་ཀྱི་བར་དུ་རྒྱུན་ཆད་མེད་པ་ནི་རྒྱུན་མི་ཆད་པའི་ཡན་ལག ༧ འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པ་ནི་འགོག་པ་མེད་པའི་ཡན་ལག་བཅས་བདུན་པོ་དེ་ཡིན་ཅིང་། ཆོས་སྐུ་ལ་ཡན་ལག་གཅིག་དང་། ལོངས་སྐུ་ལ་ཡན་ལག་གསུམ། སྤྲུལ་སྐུ་ལ་ཡན་ལག་གསུམ་བཅས་ཡོད།
- language:
- Tibetan