Skip to main content Skip to search
sku gsol
ID:
T224178
  • སྐུ་གསོལ (Tibetan, Tibetan script, Original)
    • > sku gsol (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ku sol (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ས་གནས་སུ་མི་ལ་ཆོས་སྐྱོང་ལྷ་འབེབས་ཞུ་བའི་སྲོལ་ཡོད་པ་དེ་ལ་ཡོངས་གྲགས་སུ་སྐུ་གསོལ་ཞུས་ཟེར། དེ་ནི《རྦ་བཞེད》ལྕགས་དཔར་མའི་ཤོག་གྲངས༢༩ནང་གཟིམས་མལ་བ་ལྷ་ལུང་འཚོ་གཞེར་སྙན་ལེགས་ལ་པྲ་རྟེན་བྱས་ཏེ་པྲ་སེ་ན་པ་ཏ་ཕབ་ནས་ཞེས་གསལ་བ་ལྟར་ཆ་རྐྱེན་ཚང་བའི་མི་ཞིག་ལ་པྲ་ཕབ་པའི་ཁོག་རྟེན་བྱས་ཏེ་ལྷ་པྲ་ཕབ་པ་ཡིན་ཅིང་། མི་ལ་ལྷ་པྲ་ཕབ་པ་འདི་སློབ་དཔོན་ཆེན་པོ་པད་མ་འབྱུང་ཀནས་བོད་དུ་ཕེབས་རྗེས་སྲོལ་དེ་ཐོག་མར་བྱུང་བར་མ་ཟད། ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་གཞུང《གསང་བ་འདུས་པའི་རྒྱུད》སོགས་མང་པོ་ཞིག་ནས་པྲ་འབེབས་པའི་ཆོ་ག་དང་ཐབས་ཤེས་སོགས་གསུངས་པ་ལྟར་བོད་ས་གནས་ཀྱི་ནང་པ་སངས་རྒྱས་པའི་གྲུབ་མཐའ་རིས་མེད་ལ་དར་སྲོལ་ཡོད་པ་ཞིག་ཡིན། དེ་སྐོར་འདིར་ཞིབ་གསལ་བྲིས་ཀྱང་དགོས་པ་ཆེར་མི་སྣང་བས་མ་བྲིས་སོ། །

language:
Tibetan

2. Thupten Phuntsok Dictionary

བོད་ས་གནས་སུ་མི་ལ་ཆོས་སྐྱོང་ལྷ་འབེབས་ཞུ་བའི་སྲོལ་ཡོད་པ་དེ་ལ་ཡོངས་གྲགས་སུ་སྐུ་གསོལ་ཞུས་ཟེར།

language:
Tibetan