- skud bzo
- ID:
- T224196
- སྐུད་བཟོ (Tibetan, Tibetan script, Original)
- > skud bzo (Tibetan, Latin script, Transliteration-THL Extended Wylie Transliteration)
- > kü zo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱུན་བུ་དང་རྒྱུས་པ་སོགས་ཀོ་འཚེམ་ལ་མཁོ་བའི་སྐུད་པ་བལ་སྐུད་དང་སྲིན་སྐུད་སོགས་སྣམ་བུ་དང་དྲས་བཟོ་འཚེམ་ལ་མཁོ་བའི་སྐུད་པ། སི་ཤན་དང་སྟོང་སྐུད་སོགས་གོས་ཆེན་བཟོ་འཚེམ་ལ་མཁོ་བའི་སྐུད་པ་སྦོམ་ཕྲ་སྣ་ཚོགས་བཟོ་བའི་ལག་རྩལ་ལ་ཟེར། པོ་ཏཱ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་ཀོ་འཚེམ་དང་། སྣམ་བུ། དྲས་བཅས་འཚེམ་བྱེད་སྐུད་པ་རྣམས་བོད་རིགས་བཟོ་པ་རྣམས་ཀྱིས་བཟོ་མི་ཤེས་པ་མེད་རུང་གོས་ཆེན་འཚེམ་བཟོའི་སྐུད་པ་ཧ་ཅང་དཀོན་པས་གོས་ཆེན་རི་མོ་དང་ཆོན་ཁྲ་མིན་པའི་རིགས་རྣམས་ཀྱི་སྣེ་ནས་བཤིག་སྟེ་སྐུད་པ་ཕྲ་སྦོམ་སྣ་ཚོགས་བཟོ་རྒྱུར་སོག་རིགས་ཀྱི་བཟོ་མོ་རྣམས་ལག་རྩལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྟབས་གོས་སྐུད་བཟོ་བའི་ལག་རྩལ་པ་སོག་རིགས་ཀྱི་བཟོ་མོ(ནམ་ཁེར་སོགས)མི་གྲངས་བརྒྱད་ཡོད་འདུགསྐུན་མཁར།
- language:
- Tibetan
2. Thupten Phuntsok Dictionary
རྒྱུན་བུ་དང་རྒྱུས་པ་སོགས་ཀོ་འཚེམ་ལ་མཁོ་བའི་སྐུད་པ་བལ་སྐུད་དང་སྲིན་སྐུད་སོགས་སྣམ་བུ་དང་དྲས་བཟོ་འཚེམ་ལ་མཁོ་བའི་སྐུད་པ། སི་ཤན་དང་སྟོང་སྐུད་སོགས་གོས་ཆེན་བཟོ་འཚེམ་མཁོལ་བའི་སྐུད་པ་སྦོམ་ཕྲ་སྣ་ཚོགས་བཟོ་བའི་ལག་རྩལ་ལ་ཟེར། པོ་ཏཱ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་ཀོ་འཚེམ་དང་། སྣམ་བུ། དྲས་བཅས་འཚེམ་བྱེད་སྐུད་པ་རྣམས་བོད་རིགས་བཟོ་པ་རྣམས་ཀྱིས་བཟོ་མི་ཤེས་པ་མེད་རུང་གོས་ཆེན་འཚེམ་བཟོའི་སྐུད་པ་ཧ་ཅང་དཀོན་པས་གོས་ཆེན་རི་མོ་དང་ཚོན་ཁྲ་མིན་པའི་རིགས་རྣམས་ཀྱི་སྣེ་ནས་བཤིག་སྟེ་སྐུད་པ་ཕྲ་སྦོམ་སྣ་ཚོགས་བཟོ་རྒྱུར་སོག་རིགས་ཀྱི་བཟོ་མོ་རྣམས་ལག་རྩལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྟབས་གོས་སྐུད་བཟོ་བའི་ལག་རྩལ་པ་སོག་རིགས་ཀྱི་བཟོ་མོ (ནམ་ཁེར་སོགས) མི་གྲངས་བརྒྱད་ཡོད་འདུག
- language:
- Tibetan