- sku'i che dbyings kyi spros pa dor
- ID:
- T224205
- སྐུའི་ཆེ་དབྱིངས་ཀྱི་སྤྲོས་པ་དོར (Tibetan, Tibetan script, Original)
- > sku'i che dbyings kyi spros pa dor (Tibetan, Latin script, Transliteration-THL Extended Wylie Transliteration)
- > kü ché ying kyi tröpa dor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་ཀྱི་བླ་[སྤྲུལ་ཆེ་ཁག་དང་། དཔོན་རིགས་གོ་གནས་མཐོ་གྲས། རྣམས་ལ་ཆེ་ཉམས་ཀྱི་སྤྲོས་པ་སྣ་ཚོགས་ཡོད་པ་སྟེ། མཇལ། ཁ་ཞུ་མཁན་སོགས་སླེབས་ཚེ་ཐོག་མར་མགྲོན་གཉེར་དང་། །གསོལ་གཟིམས་བརྒྱུད་ནས་སྙན་སེང་ཞུ་དགོས་པ་དང་ཕྱི། ལ་ཕེབས་སྐྱོད་སྐབས་སྐུ་འཁོར་རིམ་པ་མཐོ་དམན་མང་པོ་མཉམ་དུ་ཁྲིད་པ། མཇལ་དར་འབུལ་སྐབས་མགྲོན་གཉེར་ལ་འབུལ་བ་ལས་གསོལ་ལྕོག་སྟེང་དུ་འབུལ་མི་ཆོག་པ། ཕྱིར་ཐོན་སྐབས་གོམ་པ་ཕྱིར་འགྲོས་གསུམ་ཙམ་ཡོང་ནས་གུས་ཞབས་ཀྱི་རྣམ་པ་མཚོན་དགོས་པ་སོགས་ཡོད། སྐུའི་ཉེར་སྤྱད། རྒྱུན་དུ་བེད་སྤྱོད་བྱེད་དགོས་པའི་དངོས་རིགས་སྟེ། དཔེར་ན་བླ་སྤྲུལ་རྣམས་ཀྱི་ན་བཟའ་དང་། མཆོད་པའི་ཡོ་བྱད། བཞེས་སྤྱད། བྲི་ཤོག་དང་། སྣག་ཚ་སྨྱུ་གུ་ལ་སོགས་པ་ལྟ་བུ།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་བོད་ཀྱི་བླ་སྤྲུལ་ཆེ་ཁག་དང་། དཔོན་རིགས་གོ་གནས་མཐོ་གྲས་རྣམས་ལ་ཆེ་ཉམས་ཀྱི་སྤྲོས་པ་སྣ་ཚོགས་ཡོད་པ་སྟེ། མཇལ་ཁ་ཞུ་མཁན་སོགས་སླེབས་ཚེ་ཐོག་མར་མགྲོན་གཉེར་དང་། གསོལ་གཟིམས་བརྒྱུད་ནས་སྙན་སེང་ཞུ་དགོས་པ་དང་ཕྱི་ལ་ཕེབས་སྐྱོད་སྐབས་སྐུ་འཁོར་རིམ་པ་མཐོ་དམན་མང་པོ་མཉམ་དུ་ཁྲིད་པ། མཇལ་དར་འབུལ་སྐབས་མགྲོན་གཉེར་ལ་འབུལ་བ་ལས་གསོལ་ལྕོག་སྟེང་དུ་འབུལ་མི་ཆོག་པ། ཕྱིར་ཐོན་སྐབས་གོམ་པ་ཕྱིར་འགྲོས་གསུམ་ཙམ་ཡོང་ནས་གུས་ཞབས་ཀྱི་རྣམ་པ་མཚོན་དགོས་པ་སོགས་ཡོད།
- language:
- Tibetan