Skip to main content Skip to search
skom dad kyi nad
ID:
T224242
  • སྐོམ་དད་ཀྱི་ནད (Tibetan, Tibetan script, Original)
    • > skom dad kyi nad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kom dé kyi né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྤྱིའི་རྒྱུ་རྐྱེན་ནི་གྱེན་རྒྱུའི་རླུང་དང་མཁྲིས་པ་འཁྲུགས་པས་དེས་བད་ཀན་སྐེམ་པས་སྐོམ་དད་སྐྱེ་བར་བྱེད་ཅིང་། གཞན་ཡང་ཆང་མང་དུ་བཏུང་དྲགས་པ་དང་། ལན་ཚྭ་མང་དྲགས་པས་བད་མཁྲིས་སྐྱེས་ནས་སྐོམ་དད་སྐྱེ་བ་དང་། ཚད་གུང་དུ་ངལ་དུབ་སྤྱད་རྗེས་སྐོམ་མང་དུ་འཐུངས་བས་ཁོང་ཚད་བསྡུས་པས་མཁྲིས་པ་སྐྱེད་དེ་སྐོམ་དད་ཀྱི་ནད་སྐྱེད་དོ། །སྐོམ་དད་སྤྱིའི་ནད་རྟགས་ནི། ཁ་ལྕེ་དང་གྲེ་བ་རྣམས་སྐམ་ཞིང་ཟས་མི་འདོད་པ་དང་། ལྕེ་མྱུལ་སྟེ་འགུལ་སྐྱོད་མང་དུ་བྱེད་པ་དང་། སྐད་འགགས་པ། བཏུང་བས་ངོམས་པ་མེད་པ་སྐོམ་པ་བཅས་སོ། །

language:
Tibetan