- skor ni rU pa
- ID:
- T224250
- སྐོར་ནི་རཱུ་པ (Tibetan, Tibetan script, Original)
- > skor ni rU pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > kor nirupa (Tibetan, Latin script, Transcription-THL Simplified Tibetan Transcription)
ཕྱག་རྒྱ་ཆེན་པོ་སྔ་འགྱུར་གྱི་བླ་བརྒྱུད་གྲས་སུ་བཞུགས་པའི་བླ་མ་ཞིག་ཡིན། མཚན་ལ་ནི་རུ་པ་ཏ་ཟེར། རྒྱ་གར་གྱི་པཉི་ཏ། གཞུང་དང་རིག་གནས་ལ་སྦྱངས་པ་ཆེ། གསང་སྔགས་བརྒྱུད་པ་དགུའི་མན་ངག་ཚང་མ་གསན་མྱོང་བ་ཞིག་ཡིན། འཁྲུངས་ཡུལ་དང་ཡབ་ཡུམ་འཁྲུངས་འདས་ཀྱི་ལོ་སོགས་གསལ་བའི་ཡིག་ཆ་མ་མཐོང་ཞིང་། གྲུབ་པ་ཐོབ་ནས་དགུང་ལོ་བདུན་ཅུ་དོན་བཞི་ལ་ཕེབས་དུས་རང་གི་རྩ་བའི་བླ་མ་རྗེ་བཙུན་ཀ་རོ་པས་བོད་དུ་སོང་ན་ཕན་པ་ཆེན་པོ་ཡོང་གསུངེས་པ་ལྟར་ཐོཀ་མར་བལ་ཡུལ་དང་དེ་ནས་བོད་དུ་ཕེབས་ཏེ་སྐོར་ཆུང་བ་གཤེགས་ཁ་མ་དང་མཇལ། སྐོར་ཆུང་བ་སྐུ་གཤེགས་པའི་སྐུ་ཕུང་ལ་འཕོ་བ་གྲོང་འཇུག་མཛད་ནས་སྔར་གྱི་སྐུ་ལུས་རྙིང་པ་མེ་ལ་སྲེག་སྦྱངས་མཛད་ནས་བོད་དུ་ཕེབས། ཐོག་མར་ལོ་ཤས་རྒྱ་གར་བའི་ཆས་མཛད་ནས་བཞུགས། དེ་ནས་བོད་ཆས་བཞེས་ནས་ལོ་ཉི་ཤུ་རྩ་གཅིག་གི་རིང་སློབ་མ་མང་པོར་གསང་སྔགས་ཀྱི་དབང་དང་། ཕྱག་རྒྱ་ཆེན་པོའི་ཁྲིད་སོགས་ཞུ་བ་པོའི་འདོད་མོས་ལྟར་གནང་། ལོ་རྒྱུས་མདོར་བསྡུས་ཞིག《དེབ་ཐེར་སྔོན་པོ》ལྕགས་དཔར་མ་སྨད་ཆའི་ཤོག་གྲངས༩༩༨ནས༡༠༠༠བར་གསལ་བ་དེར་གཟིགས།
- language:
- Tibetan
Other Dictionaries
1. Thupten Phuntsok Dictionary
ཕྱག་རྒྱ་ཆེན་པོ་སྔ་འགྱུར་གྱི་བླ་བརྒྱུད་གྲས་སུ་བཞུགས་པའི་བླ་མ་ཞིག་ཡིན། མཚན་ལ་ནི་རུ་པ་ཏ་ཟེར། རྒྱ་གར་གྱི་པཎྜི་ཏ། གཞུང་དང་རིག་གནས་ལ་སྦྱངས་པ་ཆེ། གསང་སྔགས་བརྒྱུད་པ་དགུའི་མན་ངག་ཚང་མ་གསན་མྱོང་བ་ཞིག་ཡིན། འཁྲུངས་ཡུལ་དང་ཡབ་ཡུམ་འཁྲུངས་འདས་ཀྱི་ལོ་སོགས་གསལ་བའི་ཡིག་ཆ་མ་མཐོང་ཞིང་། གྲུབ་པ་ཐོབ་ནས་དགུང་ལོ་བདུན་ཅུ་དོན་བཞི་ལ་ཕེབས་དུས་རང་གི་རྩ་བའི་བླ་མ་རྗེ་བཙུན་ཀ་རོ་པས་བོད་དུ་ཕེབས་ན་ཕན་པ་ཆེན་པོ་ཡོང་གསུངས་པ་ལྟར་ཐོག་མར་བལ་ཡུལ་དང་དེ་ནས་བོད་དུ་ཕེབས་ཏེ་སྐོར་ཆུང་བ་གཤེགས་ཁ་མ་དང་མཇལ། སྐོར་ཆུང་བ་སྐུ་གཤེགས་པའི་སྐུ་ཕུང་ལ་འཕོ་བ་གྲོང་འཇུག་མཛད་ནས་སྔར་གྱི་སྐུ་ལུས་རྙིང་པ་མེ་ལ་སྲེག་སྦྱངས་མཛད་ནས་བོད་དུ་ཕེབས ། ཐོག་མ་ལོ་ཤས་རྒྱ་གར་བའི་ཆས་མཛད་ནས་བཞུགས། དེ་ནས་བོད་ཆས་བཞེས་ནས་ལོ་ཉི་ཤུ་རྩ་གཅིག་གི་རིང་སློབ་མ་མང་པོར་གསང་སྔགས་དབང་དང་། ཕྱག་རྒྱ་ཆེན་པོའི་ཁྲིད་སོགས་ཞུ་བ་པོའི་འདོད་མོས་ལྟར་གནང་།
- language:
- Tibetan