- skya rbab kyi nad rigs
- ID:
- T224279
- སྐྱ་རྦབ་ཀྱི་ནད་རིགས (Tibetan, Tibetan script, Original)
- > skya rbab kyi nad rigs (Tibetan, Latin script, Transliteration-THL Extended Wylie Transliteration)
- > kya bab kyi né rik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྐྱ་རྦབ་ཀྱི་རྒྱུ་ནི་བད་ཀན་སྐབས་སུ་བསྟན་པ་དང་གཅིག་ལ། རྐྱེན་ཟས་སྤྱོད་མི་འཕྲོད་པ་དང་། འཇུ་དཀའ་བ་དང་། ཁེང་པོའི་རིགས་སོགས་མ་ཞུ་བའི་རྐྱེན་གྱིས་དྭངས་མ་ཉིད་མཆིན་པའི་གནས་སུ་ལུས་ཟུངས་སུ་འགྱུར་མ་ཐུབ་པས། ངན་ཁྲག་དང་ཆུ་སེར་རྒྱས་པ་དེ་རླུང་གིས་གཏོར་ནས་ལུས་ཀུན་ཏུ་ཁྱབ་པས་ཤ་ལྕགས་སྐྱ་བོར་སྐྲངས་པས་ན་སྐྱ་རྦབ་ཅེས་ཟེར། དེ་ལ་དབྱེ་ན་ལྔ་སྟེ། གློ་བའི་སྐྱ་རྦབ་བད་ཀན་དང་ལྡན་པ། ཆུ་སེར་སྐྱ་རྦབ་ནི་ཤ་པགས་མཚམས་སུ་ཁྱབ་པ། རླུང་གི་སྐྱ་རྦབ་སྙིང་དང་སྲོག་རྩ་ལ་གནས་སོ། །
- language:
- Tibetan