- skya rengs dang po'i snang ba
- ID:
- T224291
- སྐྱ་རེངས་དང་པོའི་སྣང་བ (Tibetan, Tibetan script, Original)
- > skya rengs dang po'i snang ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > kya reng dangpö nangwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ནང་བསྟན་ཆོས་ལུགས་ཀྱི་འདུལ་བའི་གཞུང་རྣམས་ལས་ཉིན་ཞག་གཅིག་ལ་ཉིན་མོའི་ཆ་བཅུ་བཞི་དང་། མཚན་མོའི་ཆ་བརྒྱད་བཅས་ཆ་ཉི་ཤུ་རྩ་གཉིས་སུ་ཕྱེ་བའི་ནང་གསེས་ཉིན་མོའི་ཆ་དང་པོ་ལ་སྐྱ་རེངས་ཟེར་ཞིང་། ཡོངས་གྲགས་ཀྱི་ལྷ་སའི་ཡུལ་སྐད་ལ་སྐྱ་དྭངས་པ་ཟེར། སྐྱ་རེངས་དེ་ལ་སྐྱ་རེངས་དང་པོ་དང་། སྐྱ་རེངས་བར་པ། སྐྱ་རེངས་ཐ་མ་བཅས་གསུམ་ཡོད། སྐྱ་རེངས་དང་པོ་ནི《འདུལ་བ་འོད་ལྡན》སོགས་ལས་གསུངས་པ་ལྟར། རང་ཉིད་གནས་སའི་ཡུལ་དེའི་ཤར་ཕྱོགས་ཀྱི་ནམ་མཁར་སྐྱ་མདངས་ཅུང་ཟད་སླེབས་ཤིང་། དེའི་ཐད་ཀྱི་ནམ་མཁར་ཡོད་པའི་སྐར་མ་རྣམས་ཀྱི་འོད་མདངས་ཉམས་པ་དེ་ཡིན། སྐྱ་རེངས་བར་པ་ནི་རང་ཉིད་གནས་པའི་ཡུལ་དེའི་ཤར་ཕྱོགས་ཀྱི་ནམ་མཁར་དམར་མདངས་ཅུང་ཟད་སླེབས་ཤིང་། རྒྱུ་སྐར་འོད་ཆེ་བ་རྣམས་ཀྱི་འོད་མདངས་༡མས་པའི་དུས་དེ་ལ་ཟེར། སྐྱ་རེངས་གསུམ་པའམ་ཐ་མ་ནི་རང་ཉིད་གནས་པའི་ཡུལ་དེའི་ནམ་མཁར་སྐར་མ་འོད་ཆེ་བ་ཐར་ཐོར་ཙམ་མཐོང་རྒྱུ་ཡོད་པ་ལས་སྐར་མ་གཞན་དག་མཐོང་རྒྱུ་མེད་པར་གྱུར་པའི་དུས་དེ་ཡིན། ཞིབ་པར་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི《འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར》ལྕགས་དཔར་མའི་ཤོག་གྲངས༤༣༣པར། གསུམ་པ་ཉིན་ཞག་གི་འཕོས་མཚམས་གཏན་ལ་དབབ་པ་ལ་གཉིས་ཞེས་པ་ནས་ཤོག་གྲངས༤༣༥འགལ་བ་མེད་དོ་ཞེས་པའི་བར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
ནང་བསྟན་ཆོས་ལུགས་ཀྱི་འདུལ་བའི་གཞུང་རྣམས་ལས་ཉིན་ཞག་གཅིག་ལ་ཉིན་མོའི་ཆ་་བཞི་དང་། མཚན་མོའི་ཆ་བརྒྱད་བཅས་ཆ་ཉི་ཤུ་རྩ་གཉིས་སུ་ཕྱེ་བའི་ནང་གསེས་ཉིན་མོའི་ཆ་དང་པོ་ལ་སྐྱ་རེངས་ཟེར་ཞིང་། ཡོངས་གྲགས་ཀྱི་ལྷ་སའི་ཡུལ་སྐད་ལ་སྐྱ་དྭངས་པ་ཟེར། སྐྱ་རེངས་དེ་ལ་སྐྱ་རེངས་ངད་པོ་དང་། སྐྱ་རེངས་བར་པ། སྐྱ་རེངས་ཐ་མ་བཅས་གསུམ་ཡོད་དོ། །
- language:
- Tibetan