- skyabs mgon bstan pa'i nyi ma chen po
- ID:
- T224300
- སྐྱབས་མགོན་བསྟན་པའི་ཉི་མ་ཆེན་པོ (Tibetan, Tibetan script, Original)
- > skyabs mgon bstan pa'i nyi ma chen po (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyab gön tenpé nyima chenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
པཎཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ(༡༧༨༢ནས༡༨༥༣ལོ)རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་སྤྱི་ལོ༡༨༤༤ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་སྐུ་ན་ཧ་ཅང་ཕྲ་ཞིང་། སྐབས་དེའི་སྲིད་སྐྱོང་ཚེ་སྨོན་གླིང་ཧོ་ཐོག་ཐུ་འཇམ་དཔལ་ཚུལ་ཁྲིམས་སྐབས་དེའི་བོད་སྡོད་ཨམ་བན་ཆིས་ཧྲིན(琦善)དང་། བཀའ་ཤག་བཅས་ནང་མ་མཐུན་པར་བརྟེན་ཆིས་ཨམ་བན་གྱིས་གོང་མར་སྙན་ཞུ་ཕུལ་བ་ལྟར་གོང་མ་ཏའོ་ཀོང(道光)གིས་བཀའ་ཕབས་ཏེ་སྲིད་སྐྱོང་གི་ལས་འགན་གནས་དབྱུང་ཐོག་མེས་རྒྱལ་ནང་ཁུལ་དུ་རྒྱང་ཕུད་བཏང་རྗེས། ཆིས་ཨམ་བན་གྱིས་བསྐོ་གཞག་བྱས་པ་ལྟར། པཎ་ཆེན་བསྟན་པའི་ཉི་མས་གོང་ལོའི་བོད་ཟླ་བརྒྱད་པའི་ཚེས་དྲུག་ནས་ཕྱི་ལོའི་བོད་ཟླ་བཞི་པའི་ཉེར་དྲུག་བར་སྲིད་སྐྱོང་གི་ལས་ཚབ་མཛད། གསུང་རྩོམ་ཆོས་ལུགས་སྐོར་དང་། སྙན་ངག་གི་དཔེར་བརྗོད་སོགས་པོད་དགུ་ཙམ་གྱི་ཤིང་དཔར་བཀྲ་ཤིས་ལྷུན་པོར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ (༡༧༨༢ནས༡༨༥༣ལོ) རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་སྤྱི་ལོ༡༨༤༤ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་སྐུ་ན་ཧ་ཅང་ཕྲ་ཞིང་། སྐབས་དེར་པཎ་ཆེན་བསྟན་པའི་ཉི་མས་གོང་ལོའི་བོད་ཟླ་བརྒྱད་པའི་ཚེས་དྲུག་ནས་ཕྱི་ལོའི་བོད་ཟླ་བཞི་པའི་ཚེས་ཉེར་དྲུག་བར་སྲིད་སྐྱོང་གི་ལས་ཚབ་མཛད། གསུང་རྩོམ་ཆོས་ལུགས་སྐོར་དང་། སྙན་ངག་གི་དཔེར་བརྗོད་སོགས་པོད་དགུ་ཙམ་གྱི་ཤིང་དཔར་བཀྲ་ཤིས་ལྷུན་པོར་ཡོད།
- language:
- Tibetan