- skyabs mgon blo bzang snyan grags
- ID:
- T224302
- སྐྱབས་མགོན་བློ་བཟང་སྙན་གྲགས (Tibetan, Tibetan script, Original)
- > skyabs mgon blo bzang snyan grags (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyab gön lo zang nyendrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་ས་གྲོང་ཁྱེར། གྱི་བྱང་ངོས་སྤ་རི་ཁུག་དང་འབྲས་སྤུངས་གཉིས་ཀྱི་བར། དགོན་པ་གསར་རྩེ་དང་། དགོན་པ་གསར་ཤོད་གཉིས་ཡོད། །དགོན་པ་གསར་རྩེ་བཀྲ་ཤིས་ཐེག་ཆེན་གླིང་ཐོག་མར་ཕྱག། བཏབ་མཁན་ནི་སེ་ར་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་བཤེས་[བློ་བཟང་སྙན་གྲགས་ཞུ་བ་བྱ་བྲལ་དགོན་གསར་རིན་པོ། ཆེའི་སྐུ་ཕྲེང་དང་པོ་དེ་ཡིན། དམ་པ་དེའི་འཁྲུངས་ཡུལ་ས་ངན་ཕྱོགས་ནས་ཡིན་ཅིང་། དགུང་ལོ་ཆུང་དུས་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་སློབ་གཉེར་གནང་སྟེ་དགེ་བཤེས་ཐོན་ནས་ཕུར་ལྕོག་ངག་དབང་བྱམས་པ་དང་། བྲག་རི་ངག་དབང་དོན་གྲུབ་སོགས་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཐོགསེ་ར་རྩེ་དང་། ཀེའུ་ཚང་། ར་ཁ་བྲགམཁར་རྡོ་སོགས་ཉེ་སྐོར་གྱི་རི་ཁྲོད་མང་པོར་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་ཅིང་། ཐུགས་དམ་གྱི་བར་གསེང་དང་བསྟུན་ནས་དད་ལྡན་སློབ་མ་སོ་སོའི་འདོད་མོས་དང་འཚམས་པའི་དབང་ཁྲིད་ལུང་སོགས་རྒྱས་བསྡུས་སྐབས་དང་སྦྱར་དེ་གནང་བ་དང་། སློབ་མ་རྣམས་ལ་ངོ་འཛིན་སོགས་མི་མཛད་པར་བཀའ་བཀྱོན་ཕྱག་འབེབས་སོགས་འཕྲལ་འཕྲལ་དུ་མཛད་པ་ལྷོ་བྲག་མར་པ་ལོ་ཙཱ་དང་དབྱེར་མེད་པ་ཞིག་ཡོད་ཚུལ་འབྲེལ་ཡོད་དམ་པ་འགའ་ཞིག་གི་རྣམ་ཐར་ནང་གསལ་ཞིང་། བྲག་རི་ངག་དབང་དོན་གྲུབ་སྐུ་གཤེགས་ཁར་དམ་པ་དེའི་སྐུ་ཚབ་ཏུ་བསྐོ་གཞག་གནང་བ་ལྟར་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་དུ་སྐུ་ཚེ་ཐ་མའི་བར་རྒྱུན་བཞུགས་གནང་འདུགའཁྲུངས་ལོ་གསལ་བར་འཁོད་པ་མ་མཐོང་ཡང་། 《རྡོ་རིང་རྣམ་ཐར》ལས་གུང་པཉིཏས་ས་ངན་དུ་དམག་དྲངས་པའི་ལོ་སྟེ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི(༡༧༨༠)ལོར་སྐུ་གཤེགས་ཚུལ་གསལ།
- language:
- Tibetan
2. Thupten Phuntsok Dictionary
ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་སྤ་རི་ཁུག་དང་འབྲས་སྤུངས་གཉིས་ཀྱི་བར་དགོན་པ་གསར་རྩེ་དང་། དགོན་པ་གསར་ཤོད་གཉིས་ཡོད། དགོན་པ་གསར་རྩེ་བཀྲ་ཤིས་ཐེག་ཆེན་གླིང་ཐོག་མར་ཕྱག་བཏབ་མཁན་ནི་སེ་ར་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་བཤེས་བློ་བཟང་སྙན་གྲགས་ཞུ་བ་བྱ་བྲལ་དགོན་གསར་རིན་པོ་ཆེའི་སྐུ་ཕྲེང་དང་པོ་དེ་ཡིན། དམ་པ་དེའི་འཁྲུངས་ཡུལ་ས་ངན་ཕྱོགས་ནས་ཡིན་ཅིང། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི (༡༧༨༠) ལོར་སྐུ་གཤེགས་ཚུལ་གསལ།
- language:
- Tibetan