Skip to main content Skip to search
skyabs 'gro'i bslab bya
ID:
T224307
  • སྐྱབས་འགྲོའི་བསླབ་བྱ (Tibetan, Tibetan script, Original)
    • > skyabs 'gro'i bslab bya (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyamdrö labja (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་སྐྱབས་ཁྲགྲོ་གསུམ་ལ་དགག་པའི་བསླབ་བྱ་གསུམ་དང་། སྒྲུབ་པའི་བསླབ་བྱ་གསུམ། ཐུན་མོང་གི་བསླབ་བྱ་གསུམ་བཅས་ཡོད། དང་པོ། དགག་པའི་བསླབ་བྱ་ཞེས་པ་ནི་ངིས་པར་དུ་སྤང་དགོས་པའི་བསླབ་བྱ་སྟེ། ༡་སངས་རྒྱས་ལ་སྐྱབས་བཅོལ་ནས་འཇིག་རྟེན་གྱི་ལྷ་འདྲེ་སོགས་ལ་སྐྱབས་བཅོལ་མི་རུང་བ། ༢ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་གཞན་ལ་གནོད་འཚེ་མི་བྱེད་པ། ༣་དགེ་འདུན་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཆོས་ལུགས་པའི་ལྟ་བ་དང་མི། མཐུན་པའི་མི་ལ་བློ་གཏད་བཅོལ་མི་རུང་བ་བཅས་ཡིན། གཉིས་པ། སྒྲུབ་པའི་བསླབ་བྱ་ནི། ངེས་པར་དུ་ལག་བསྟར་བྱ་དགོས་པའི་བསླབ་བྱ་སྟེ། ༡སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་ཆ་དང་བཟོ་དབྱིབས་ངན་པ་དང་། སྐུ་གཟུགས་ཞིག་རལ་སོང་འཕྲོ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་དགོས་པ། ༢ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཀྱི་ནང་དོན་ལྡན་པའི་ཡིག་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་འཇོག་དགོས་པ། ༣དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་རྟགས་ཙམ་འཛིན་པ་ཡན་ཆད་ལ་ཡང་མ་གུས་པ་སྤོང་བ་བཅས་ཡིན། གསུམ་པ། ཐུན་མོང་གི་བསླབ་བྱ་ནི་དཀོན་མཆོག་གསུམ་སྤྱིའི་བསླབ་བྱ་སྟེ། ༡་དརྐོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཉིན་མཚན་དུས་དྲུག་ཏུ་སྐྱབས་སུ་འགྲོ་བ། ༢་དཀོན་མཆོག་གསུམ་གྱི་བཀའ་དྲིན་དྲན་པའི་སྒོ་ནས་ཅི་ཟ་ཅི་འཐུང་གེ་ཕུད་ནས་མཆོད་པ་འབུལ་བ། ༣་སྐྱབས་འགྲོའི་ཕན་ཡོན་དྲན་པའི་སྒོ་ནས་རང་ཉིད་ཀྱིས་སྐྱབས་སུ་འགྲོ་ཞིང་གཞན་སྐྱབས་འགྲོ་ལ་འགོད་པ་དང་། བྱ་བ་ཆེ་ཆུང་གང་བྱེད་ཀྱང་མཆོག་གསུམ་ལ་བློས་བཀལ་ནས་བྱེད་པ་བཅས་ཡིན། ཞིབ་པར་ལམ་རིམ་དང་སྐྱབས་འགྲོའི་ཁྲིད་ཡིག་རྒྱས་བསྡུས་རྣམས་ལ་གཟིགས་ན་གསལ།

language:
Tibetan

2. Thupten Phuntsok Dictionary

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་སྐྱབས་འགྲོ་གསུམ་ལ་དགག་པའི་བསླབ་བྱ་གསུམ་དང་། སྒྲུབ་པའི་བསླབ་བྱ་གསུམ། ཐུན་མོང་གི་བསླབ་བྱ་གསུམ་བཅས་ཡོད། དང་པོ། དགག་པའི་བསླབ་བྱ་ཞེས་པ་ནི་ངེས་པར་དུ་སྤང་དགོས་པའི་བསླབ་བྱ་སྟེ། ༡ སངས་རྒྱས་ལ་སྐྱབས་བཅོལ་ནས་འཇིག་རྟེན་གྱི་ལྷ་འདྲེ་སོགས་ལ་སྐྱབས་བཅོལ་མི་རུང་བ། ༢ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་གཞན་ལ་གནོད་འཚེ་མི་བྱེད་པ། ༣ དགེ་འདུན་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཆོས་ལུགས་པའི་ལྟ་བ་དང་མི་མཐུན་པའི་མི་ལ་བློ་གཏད་བཅོལ་མི་རུང་བ་བཅས་ཡིན། གཉིས་པ་། སྒྲུབ་པའི་བསླབ་བྱ་ནི། ངེས་པར་དུ་ལག་བསྟར་བྱ་དགོས་པའི་བསླབ་བྱ་སྟེ། ༡ སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་ཆ་དང་། བཟོ་དབྱིབས་ངན་པ་དང་། སྐུ་གཟུགས་ཞིག་རལ་སོང་འཕྲོ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་དགོས་པ། ༢ ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཀྱི་ནང་དོན་ལྡན་པའི་ཡིག་འབྲུ་གཅིག་ལ་ཡང་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་འཇོག་དགོས་པ། ༣ དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་རྟགས་ཙམ་འཛིན་པ་ཡན་ཆད་ལ་ཡང་མ་གུས་པ་སྤོང་བ་བཅས་ཡིན། གསུམ་པ། ཐུན་མོང་གི་བསླབ་བྱ་ནི་དཀོན་མཆོག་གསུམ་སྤྱིའི་བསླབ་བྱ་སྟེ། ༡ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཉིན་མཚན་དུས་དྲུག་ཏུ་སྐྱབས་སུ་འགྲོ་བ། ༢ དཀོན་མཆོག་གསུམ་གྱི་བཀའ་དྲིན་དྲན་པའི་སྒོ་ནས་ཅི་ཟ་ཅི་འཐུང་གི་ཕུད་ནས་མཆོད་པ་འབུལ་བ། ༣ སྐྱབས་འགྲོའི་ཕན་ཡོན་དྲན་པའི་སྒོ་ནས་རང་ཉིད་ཀྱིས་སྐྱབས་སུ་འགྲོ་ཞིང་གཞན་སྐྱབས་འགྲོ་ལ་འགོད་པ་དང། བྱ་བ་ཆེ་ཆུང་གང་བྱེད་མཆོག་གསུམ་ལ་བློས་བཀལ་ནས་བྱེད་པ་བཅས་ཡིན།

language:
Tibetan