Skip to main content Skip to search
mkhyen rab nor bu/
ID:
T22431
  • མཁྱེན་རབ་ནོར་བུ (Tibetan, Tibetan script, Original)
    • > mkhyen rab nor bu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khyenrap norbu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • མཁྱེན་རབ་ནོར་བུ་ [rab byung bco lnga pa'i chu lug lor, dvags lha sgam po'i ri zhol du sku 'khrungs, chung dus nas rtse thang lnga mchod grva tshang du chos zhugs gnang, de nas lha sa lcags po rir gso rig dang dkar rtsis slob sbyong du phebs, t' la'i bla ma sku phreng bcu gsum pas sman rtsis khang gsar 'dzugs gnang ba'i skabs spyi khyab tu bsko gzhag mdzad pa nas bzung bod kyi rig gnas spyi dang, lhag par sman rtsis gnyis 'phel rgyas gtong phyir sku tshe ril por 'bad brtson gnang ste mkhas pa du ma gso skyong dang 'brel rtsa rgyud sdong 'grems gso rig rgya mtsho'i snying po dang, rtsis gzhung rig ldan snying thig sogs gsung rtsom mang po brtsams, spyi lo 1959 lor bod du dmangs gtso'i bcos bsgyur byas pa'i rjes su mu mthud kyis sman rtsis khang gi yon krang gnang, dgung lo brgyad cur dgongs pa rdzogs,

    language:
    Tibetan
  • མཁྱེན་རབ་ནོར་བུ་

    language:
    Tibetan

2. bod rgya tshig mdzod chen mo

[307] རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར། དྭགས་ལྷ་སྒམ་པོའི་རི་ཞོལ་དུ་སྐུ་འཁྲུངས། ཆུང་དུས་ནས་རྩེ་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་གནང། དེ་ནས་ལྷ་ས་ལྕགས་པོ་རིར་གསོ་རིག་དང་དཀར་རྩིས་སློབ་སྦྱོང་དུ་ཕེབས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྨན་རྩིས་ཁང་གསར་འཛུགས་གནང་བའི་སྐབས་སྤྱི་ཁྱབ་ཏུ་བསྐོ་གཞག་མཛད་པ་ནས་བཟུང་བོད་ཀྱི་རིག་གནས་སྤྱི་དང། ལྷག་པར་སྨན་རྩིས་གཉིས་འཕེལ་རྒྱས་གཏོང་ཕྱིར་སྐུ་ཚེ་རིལ་པོར་འབད་བརྩོན་གནང་སྟེ་མཁས་པ་དུ་མ་གསོ་སྐྱོང་དང་འབྲེལ་རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཚོའི་སྙིང་པོ་དང། རྩིས་གཞུང་རིག་ལྡན་སྙིང་ཐིག་སོགས་གསུང་རྩོམ་མང་པོ་བརྩམས། སྤྱི་ལོ་1959ལོར་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་རྗེས་སུ་མུ་མཐུད་ཀྱིས་སྨན་རྩིས་ཁང་གི་ཡོན་ཀྲང་གནང། དགུང་ལོ་བརྒྱད་ཅུར་དགོངས་པ་རྫོགས། ...

language:
English

3. dung dkar bod rig pa'i tshig mdzod chen mo

སྨན་རྩིས་མཁས་དབང་མཁྱེནརབ་ནོར་བུ་མཆོག་ནི་ལྷོ་ཁ་རྩེད་ཐང་ཁུལ་བྱ་ས་ལྷ་ཁང་གི་ཉེ་འདབས་སུ་ཡབ་རྩིས་རིག་སྨྲ་བ་ཀྲང་མགོ་ལེབ་བམ་རྩིས་པ་རྔ་བོ་ཆེར་གྲགས་པ་དང༌། ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག(༡༨༨༣)ལོར་སྐུ་བལྟམས། ཆུང་དུས་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་གནང༌། དགུང་ལོ་བཅུ་བཞི་ཡས་མས་སུ་དགོན་པས་དྲག་འདེམས་ཀྱིས་ལྷ་ས་ལྕགས་རི་འགྲོ་ཕན་གླིང་དུ་གསོ་རིག་སློབ་གཉེར་དུ་མངགས། ཐོག་མར་ལྕགས་པོ་རི་གྲྭ་ཚང་གི་སྨན་དགེ་ངག་དབང་ཆོས་ལྡན་གྱི་དྲུང་ནས་སྨན་གཞུང་གསན་སྦྱོང་གི་དབུ་ཚུགས་པ་ནས་བཟུང་སློབ་གཉེར་ལ་འབད་པ་ལྷུར་ལེན་གྱིས་ཉིན་མཚན་ཀུན་ཏུ་དཀའ་བ་དྲག་པོ་སྤྱད་དེ་ཟས་གོས་སོགས་ལ་དང་དོད་སྤུ་ཙམ་མི་གནང་བར་ན་བཟའ་ཧྲུལ་པོར་གྱུར་ཀྱང་ཐུགས་སྣང་གཏན་ནས་མེད་པར་ཡོན་ཏན་སྦྱོང་བ་ཁོ་ན་ལ་ཐུགས་བརྩོན་མཛད་ཅིང༌། དེ་ནས་རིང་པོར་མ་ཐོགས་པར་སྨན་གཞུང་ཐུགས་འཛིན་དང་ཚོགས་འདོན་ཆོས་སྤྱོད་སོགས་ཀྱི་རྒྱུགས་འབུལ་སྦྱངས་འབྲས་ལེགས་ཐོབ་ལ་བརྟེན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུའི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་མཆོག་གི་རྒྱུད་འཛིན་སློབ་གྲྭ་བའི་ཁོངས་སུ་བདམས་ཚུད་བྱུང་བས། མཁས་མཆོག་དེ་ལས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་དང༌། གཞུང་འགྲེལ་བེ་སྔོན་ལ་སོགས་པ་སྨན་གྱི་གཞུང་ལུགས་མང་པོའི་ལུང་འཁྲིད་མན་ངག་ལག་ལེན་དང་བཅས་པར་སྦྱངས་བརྩོན་མཐར་ཕྱིན་པར་མཛད། སྔ་རྗེས་སུ་མཁས་དབང་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་དང༌། འཇམ་དཔལ་རོལ་པའི་བློ་གྲོས། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན་རྒྱ་མཚྭའགུ་ལོག་བླ་མ་འཇམ་དཔལ་རོལ་པའི་བློ་གྲོས། མཚན་ཉིད་སྤྲུལ་སྐུ་འཇམ་དཔལ་ནོར་བུ། འབྲས་སྤུངས་ཁང་གསར་རིན་པོ་ཆེ། ཕ་བོང་ཁ་བདེ་ཆེན་སྙིང་པོ། ལྷ་བཙུན་རིན་པོ་ཆེ། རོང་ཐ་ཆུ་ཚང་བློ་བཟང་དམ་ཆོས་སོགས་རྩོད་མེད་མཁས་དབང་དུ་མ་ལས་གསོ་རིག་དང༌། སྐར་ནག་རྩིས་ཀྱི་རིག་པ། སུམ་རྟགས་དང་སྒྲ་རིག་པ། སྙན་ངག རྒྱུད་བཞི། དུས་ཀྱི་འཁོར་ལོ། གཡུ་ཐོག་སྙིང་ཐིག བེ་དཀར་བུ་དཔེའི་ཚངས་དབྱངས་རྒྱ་མཚོའི་འཁྲུངས་རྩིས་ཐོག་ནས་ཚེ་རབས་ལས་རྩིས་དང༌། བག་རྩིས། གཤིན་རྩིས། དབྱངས་འཆར་འགྲེལ་པ། དཔལ་སྒྲོན་སྟེང་ནས་ལེའུ་བཅུ་ཀའི་འཁོར་ལོ་བཅས་ཀྱི་ཁྲིད་རྒྱུན་སོགས་ལེགས་པར་གསན་སྦྱོང་མཛད་པས་སྨན་རྩིས་གཙོ་བོར་གྱུར་པའི་རིག་གནས་ཀུན་ལ་མཁྱེན་དཔྱོད་འགྲན་ཟླ་བྲལ་བའི་མཁས་པའི་གོ་འཕང་ཐོབ། ལྕགས་ཁྱི(༡༩༡༠)ལོར་ལྕགས་རི་སྨན་སློབ་གྲྭ་ཚང་ནས་གདན་ས་ཆེན་པོ་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པར་མངའ་གསོལ། ཆུ་གླང(༡༩༡༣)ལོར་བཤད་སྒྲ་བློན་ཆེན་སིམ་ལའི་ཆིངས་དོན་དུ་རྒྱ་གར་ལ་ཕེབས་དུས་དེའི་བླ་སྨན་པར་མ༡མ་བྱོན་སྐབས་ཕྱི་རྒྱལ་གྱི་ནད་པ་གསོ་དཀའ་བ་འགའ་ཞིག་ལ་སྨན་བཅོས་གནང་བ་བརྒྱུད་ཕན་གསོས་ཆེན་པོ་བྱུང་བར་ངོ་མཚར་གྱི་བསྔགས་བརྗོད་རྒྱ་ཆེ་ཐོབ། མེ་འབྲུག(༡༩༡༦)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་གསར་འཛུགས་གནང་ནས་མཁྱེན་རབ་ནོར་བུ་མཆོག་ལ་རྩེ་དྲུང་ལས་ཚན་པའི་མཚན་གནས་དང་སྦྲགས་སྨན་རྩིས་ཁང་གི་དབུ་འཛིན་དང་ལྕགས་པོ་རི་སྨན་པ་གྲྭ་ཚང་ཀི་སློབ་དཔོན་གཅིག་ལྕོགས་སུ་བསྐོ་གཞག་གནང་བས། སྨན་རྩིས་ཁང་གི་སློབ་མ་ཚོར་སྨན་རྩིས་གཙོ་བོར་གྱུར་པའི་སྨན་བཅོས་ལག་རྩལ། སྨན་རྫས་སྦྱོར་བཟོ། རིག་གནས་གཞན་སུམ་རྟགས་དག་གསུམ་དང༌། སྒྲ་སྙན་ངག བྱང་ཆུབ་ལམ་སྒྲོན། བཤེས་སྤྲིངས་དང་སློབ་སྤྲིངས། ཐེག་དགུའི་དོན་སྟོན། ལམ་གཙོ་རྣམ་གསུམ་སྡེབ་སྦྱོར། ལཚི། ཝརྟུ་སོགས་སློབ་ཁྲིད་གནང་བ་དང༌། ཕྱི་ལུགས་སྨན་ཁབ་དང་གཤེགས་བཅོས་ལའང་རྗེས་སུ་ཡི་རངས་མཛད། དབུས་གཙང་གཙོ་བོར་གྱུར་པའི་མདོ་སྨད་དང༌། འབྲུག་པ། འབྲས་ལྗོངས། ལ་དྭགས། ཁུ་ནུ་ལ་སོགས་ནས་སློབ་མ་ཇི་སྙེད་འདུས། ལྕགས་རི་འགྲོ་ཕན་གླིང་གེ་དབུ་འཛིན་གནང་སྐབས་ཆུ་ཕག(༡༩༢༣)ལོར་རྒྱལ་དབང་བཅུ་གསུམ་པའི་བཀའ་དགོངས་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསར་བཞེངས་གནང་བའི་སྨན་ཐང་བརྒྱད་ཅུ་ཡོད་པ་ལས་བར་སྐབས་ལྔ་བཅུ་སྐོར་ཟད་སྐྱོན་བོར་བརླག་སོང་བ་རྣམས་བསྐྱར་བྲིས་ཁ་གསབ་མཛད། སློབ་མ་ཚོས་ལྟ་བདེ་ཤེས་སླ་ཡོང་ཆེད་སྨན་རྩིས་ཁང་སློབ་གྲྭའི་ཚོགས་ཁང་གི་ལྡེབས་བྲིས་ལ་རྩ་བཤད་ཀྱི་སྡོང་འགྲེམས་དང༌། གཏར་བསྲེག་དཔེ་རིས། བྱང་ཁོག་ཡུལ་ཐིག་སྔ་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ལྷོ་བྲག་བསྟན་འཛིན་ནོར་བུས་ཕུང་པོ་དངོས་ལ་གཟིགས་ཏེ་བཞེངས་པའི་དཔེ་རིས། གསོ་རིག་རྒྱུད་བའིའི་ཡོངས་གཏད་ལེའུའི་རི་མོ། དུས་འཁོར་ལུཀས་ཀྱི་རི་རབ་དང་གོ་ལའི་དཔེ་རིས་མི་འདྲ་བ། སྙན་ངག་སྒྲ་རྒྱན་བྱ་དཀའ་བའི་ཀུན་བཟང་འཁོར་ལོ་སོགས་གསར་བའེངས་གནང༌། ས་རྟ(སྤྱི་ལོ༡༩༡༨)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དམིགས་བསལ་གཟིགས་བསྐྱངས་ཀྱིས་རྗེ་འདི་ཉིད་ལ་སྐུའི་བླ་སྨན་པ་ཆུང་བ་བསྐོ་གཞག་བསྩལ། རྭ་སྒྲེང་རྒྱལ་ཐོག་སྐབས་མཁན་ཆུང་གི་གོ་གནས་སུ་གནས་སྤར་གནང་བ་དང༌། མེ་བྱ(༡༩༥༧)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་སྐུ་བཅར་མཁན་ཆེ་དར་ཧན་གྱི་གོ་མིང་བསྩལ། ལྕགས་གླང(༡༩༦༡)ལོར་སྨན་རྩིས་ཁང་གེ་ཡོན་ཀྲང་དུ་བསྐོ་གཞག་དང་དེའི་ཕྱི་ལོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མཚན་གནས་ཕུལ། མདོར་ན། མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྨན་རྩིས་ལ་མཁས་པའི་དངོས་སློབ་བརྒྱ་ཕྲག་འགའ་གསོ་སྐྱོང་མཛད་པ་དང༌། གསུང་རྩོམ་ལ་མཚོན་ན<<རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཆོའི་སྙིང་པོ>><<རྩིས་གཞུང་རིག་ལྡན་སྙིང་ཐིག>>སོགས་ཧ་ཅང་མངབས་སྤྱིར་བོད་ཀྱི་རིག་གནས་དང༌། སྨན་རྩིས་གཉིས། ཁྱད་པར་དུ་སྨན་རྩིས་ཁང་དར་རྒྱས་གོང་འཕེལ་གཏོང་ཕྱིར་སྐུ་ཚེ་ཧྲིལ་པོ་འབད་བརྩོན་གནང་ནས་ཕྱག་རྗེས་ཤིན་ཏུ་ཆེ། མཐར་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་(༡༩༦༢)ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ལྷ་སར་སྐུ་གཤེགས།

language:
Tibetan

4. Thupten Phuntsok Dictionary

རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར། དྭགས་ལྷ་སྒམ་པོའི་རི་ཞོལ་དུ་སྐུ་འཁྲུངས། ཆུང་དུས་ནས་རྩེ་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་གནང་། དེ་ནས་ལྷ་ས་ལྕགས་པོ་རིར་གསོ་རིག་དང་སྐར་རྩིས་སློབ་སྦྱོང་དུ་ཕེབས། ཏཱ་མའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྨན་རྩིས་ཁང་གསར་འཛུགས་གནང་བའི་སྐབས་སྤྱི་ཁྱབ་ཏུ་བསྐོ་གཞག་མཛད་པ་ནས་བཟུང་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་སྨན་རྩིས་གཉིས་འཕེལ་རྒྱས་གཏོང་ཕྱིར་སྐུ་ཚེ་རིལ་པོར་འབད་བརྩོན་གནང་སྟེ་མཁས་པ་དུ་མ་གསོ་སྐྱོང་དང་འབྲེལ་རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཚོའི་སྙིང་པོ་དང་། རྩིས་གཞུང་རིག་ལྡན་སྙིང་ཐིག་སོགས་གསུང་རྩོམ་མང་པོ་བརྩམས། སྤྱི་ལོ་༡༩༥༩ལོར་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་རྗེས་སུ་མུ་མཐུད་ཀྱིས་སྨན་རྩིས་ཁང་གི་ཡོན་ཀྲང་གནང་། དགུང་ལོ་བརྒྱད་ཅུར་དགོངས་པ་རྫོགས།

language:
Tibetan

5. smon lam tshig mdzod chen mo

རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར། དྭགས་ལྷ་སྒམ་པོའི་རི་ཞོལ་དུ་སྐུ་འཁྲུངས། ཆུང་དུས་ནས་རྩེ་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་གནང༌། དེ་ནས་ལྷ་ས་ལྕགས་པོ་རིར་གསོ་རིག་དང་དཀར་རྩིས་སློབ་སྦྱོང་དུ་ཕེབས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྨན་རྩིས་ཁང་གསར་འཛུགས་གནང་བའི་སྐབས་སྤྱི་ཁྱབ་ཏུ་བསྐོ་གཞག་མཛད་པ་ནས་བཟུང་བོད་ཀྱི་རིག་གནས་སྤྱི་དང༌། ལྷག་པར་སྨན་རྩིས་གཉིས་འཕེལ་རྒྱས་གཏོང་ཕྱིར་སྐུ་ཚེ་རིལ་པོར་འབད་བརྩོན་གནང་སྟེ་མཁས་པ་དུ་མ་གསོ་སྐྱོང་དང་འབྲེལ་རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཚོའི་སྙིང་པོ་དང༌། རྩིས་གཞུང་རིག་ལྡན་སྙིང་ཐིག་གི་ཁ་སྐོང་སོགས་གསུང་རྩོམ་མང་པོ་བརྩམས། སྤྱི་ལོ་1959 ལོར་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་རྗེས་སུ་མུ་མཐུད་ཀྱིས་སྨན་རྩིས་ཁང་གི་ཡོན་ཀྲང་གནང༌། དགུང་ལོ་བརྒྱད་ཅུར་དགོངས་པ་རྫོགས།

language:
Tibetan