- skyabs che phan bde
- ID:
- T224310
- སྐྱབས་ཆེ་ཕན་བདེ (Tibetan, Tibetan script, Original)
- > skyabs che phan bde (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyab ché pendé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུས་རབས་ཉི་ཤུའི་པའི་ནང་མཚུར་ལུགས་རྩིས་སྲོལ་འཛིན་པའི་མི་སྣ་མཚོན་བྱེད་གཙོ་བོ་ཞིག་ཡིན། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ལུག་སྤྱི་ལོ་༡༩༡༩ལོར་སྡེ་དགེའི་ནུབ་བརྒྱུད་སྐྱབས་ཆེའི་འབྲོག་སྡེ་ནང་སྐུ་འཁྲུངས། ཆུང་དུས་ཁུ་བོ་སྐྱབས་ཆེ་ཡོན་ཏན་རྣམ་རྒྱལ་དང་ལྷན་དུ་དཔལ་སྤུངས་དགོན་དུ་ཕེབས། སུམ་རྟགས་དག་གསུམ་དང་། རྩིས་དཀར་ནག་སོགས་ཐུན་མོང་གི་རིག་གནས་རྣམས་ལ་མཁས་པར་སྦྱངས། མི་རིང་བ་དཔལ་སྤུངས་དགོན་པའི་རྩེས་པའི་ཐོབ་འགན་བཞེས། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་གཙོས་པའི་དཔལ་སྤུངས་དགོན་པའི་བླ་སྤྲུལ་རྣམས་ལ་ལོ་ལྟར་འཆར་ཅན་དུ་མཚུར་ལུགས་ལོ་ཐོ་ཕུལ་རྒྱུའི་ལས་འགན་བསྒྲུབས། རིག་གནས་གསར་བརྗེའི་དུས་ངན་ནང་དུའང་ལྐོག་ཏུ་ལོ་རེ་བཞིན་རྒྱུན་མ་ཆད་པར་མཚུར་ལུགས་ལོ་ཐོ་གསར་སྐྲུན་གནང་བ་རྣམས་ད་ལྟར་ཡང་བཞུགས་ཡོད། དགུང་ལོ་དགུ་བཅུ་པའི་ས་བྱི་སྤྱི་ལོ་༢༠༠༨ལོར་སྐུ་གཤེགས།
- language:
- Tibetan