Skip to main content Skip to search
skyid grong chings sgrig
ID:
T224337
  • སྐྱིད་གྲོང་ཆིངས་སྒྲིག (Tibetan, Tibetan script, Original)
    • > skyid grong chings sgrig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyi drong ching drik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔོན་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ(༡༧༨༨)ལོར་གོར་ཁའི་དམག་དཔུང་གིས་བལ་ཊམ་གསར་རྙིང་གི་འགྲོ་རྒྱུགས་བྱེད་ཕྱོགས་ལ་ཁག་འདོགས་བྱས་ཏེ་གཉའ་ནང་དང་། སྐྱིད་གྲོང་། རོང་ཤར་བཅས་ལ་གློ་བུར་དུ་གསང་དམག་བཏང་སྟེ་བཙན་བཟུང་བྱས་པར་བོད་ས་གནས་སུ་ཡོད་པའི་ཨམ་བན་གྱིས་འགོག་རྒོལ་བྱ་འདོད་མེད་རྐྱེན་ས་གནས་སྲིད་གཞུང་གིས་བཀའ་ཤག་ལ་བཀའ་ཕབ་སྟེ། གོང་ལོའི་རྗེས་མ་དེར་བཀའ་བློན་རྡོ་རིང་གུང་བསྟན་འཛིན་དཔལ་འབྱོར་དང་། བཀའ་བློན་གཡུ་ཐོག་པ་གཉིས་ཞི་པའི་ཆིངས་སྒྲིག་བྱེད་པར་བཏང་བ་སོགས《རྡོ་རིང་དགའ་བཞི་བའི་རྣམ་ཐར》ནང་འཁོད་པ་དེ་ཡིན།

language:
Tibetan

2. Thupten Phuntsok Dictionary

དེ་སྔོན་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ (༡༧༨༨) ལོར་གོར་ཁའི་དམག་དཔུང་གིས་བལ་ཊམ་གསར་རྙིང་གི་འགྲོ་རྒྱུགས་བྱེད་ཕྱོགས་ལ་ཁག་འདོགས་བྱས་ནས་གཉའ་ནང་། སྐྱིད་གྲོང་། རོང་ཤར་བཅས་ལ་གློ་བུར་དུ་གསང་དམག་བཏང་སྟེ་བཙན་བཟུང་བྱས་པར་བོད་ས་གནས་སུ་ཡོད་པའི་ཨམ་བན་གྱིས་འགོག་རྒོལ་བྱ་འདོད་མེད་རྐྱེན་ས་གནས་སྲིད་གཞུང་གིས་བཀའ་ཤག་ལ་བཀའ་ཕབ་སྟེ། གོང་ལོའི་རྗེས་མ་དེར་བཀའ་བློན་རྡོ་རིང་གུང་བསྟན་འཛིན་དཔལ་འབྱོར་དང་། བཀའ་བློན་གཡུ་ཐོག་པ་གཉིས་ཞི་བའི་ཆིངས་སྒྲིག་བྱེད་པར་བཏང་བའོ། །

language:
Tibetan