Skip to main content Skip to search
skyid shod kyi zhabs drung a dpal
ID:
T224362
  • སྐྱིད་ཤོད་ཀྱི་ཞབས་དྲུང་ཨ་དཔལ (Tibetan, Tibetan script, Original)
    • > skyid shod kyi zhabs drung a dpal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyi shö kyi shyab drung a pal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདིའི་མིང་ངོ་མ་བསོད་ནམས་རྣམ་རྒྱལ་ཟེར་ཞིང་སྐྱིད་ཤོད་སྡེ་པ་གཡུལ་རྒྱལ་ནོར་བུ་དང། མ་ཞོགས་བཟའ་དགོས་ཀྱི་བུ་ཡིན། རབ་བྱུང་བཅུ་པའི་མེ་ཁྱི (༡༥༨༦) ལོར་སྐྱེས། འདིས་སྐྱིད་ཤོད་དགའ་ལྡན་གྱི་སྲིད་འཛིན་བྱས་པའི་རིང་གཙང་པ་རྒྱལ་པོ་དང་འཐབ་འཁྲུག་བྱས་ཏེ་ཐོག་མར་རྒྱལ་ཁ་ཐོབ་ཀྱང་རྗེས་སུ་ཕམ་ཉེས་ཆེན་པོ་བྱུང་ནས་སེ་འབྲས་གཉིས་གཙང་དམག་གིས་གཏོར་ཞིང་། སྡེ་པ་རང་ཉིད་ཀྱང་པོ་ཏཱ་ལར་ཡོད་པའི་འཕགས་པ་ལོ་ཀེ་ཤཱ་རའི་སྐུ་བརྙན་ཁྱེར་ནས་མཚོ་སྔོན་གྱི་སོག་པོར་སྐྱབས་བཅོལ་བྱ་དགོས་བྱུང་བ་སོགས་འབྲེལ་ཡོད་ལོ་རྒྱུས་མང་པོ་ཞིག་གི་ནང་གསལ་བ་དེ་ཡིན།

language:
Tibetan