Skip to main content Skip to search
skyid shod dga' ldan
ID:
T224363
  • སྐྱིད་ཤོད་དགའ་ལྡན (Tibetan, Tibetan script, Original)
    • > skyid shod dga' ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyi shö ganden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་སྐོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་གསལ་དང་། སྐྱིད་ཤོད་སྡེ་པ་བཀྲ་ཤིས་རབ་བརྟན་གྱིས་བརྩམས་པའི་སྡེ་པ་དགའ་ལྡན་པའི་གདུང་རབས་བྲིས་མ་གཉིས་ལས་གསལ་བ་དོན་བསྡུས་ཏེ་བཀོད་པར། སྐྱིད་ཤོད་ཡར་ཕྱོགས་གླིང་པར་མི་ཆུང་དོན་རྒྱལ་ཞེས་འབོད་པ་ཞིག་བྱུང་བ་དེས་ཚལ་པ་ཁྲི་དཔོན་དགའ་བདེ་བཟང་པོ (རབ་བྱུང་དྲུག་པའི་མེ་སྟག༡༣༨༦ལོ་ནས་རབ་བྱུང་བདུན་པའི་ལྕགས་སྟག༡༤༡༠ལོའི་བར་ཡིན) གཏུགས་ནས་གཡོག་ཁོངས་སུ་བསྡད། རབ་བྱུང་བདུན་པའི་ཆུ་སྦྲུལ (༡༤༡༣) ལོར་སྐབས་དེའི་ཚལ་པའི་བླ་དཔོན་ཟུང་འབྲེལ་མཛད་པོ་སྤྱན་སྔ་དངོས་གྲུབ་རྒྱལ་མཚན་གྱིས་ཚལ་པའི་སྲིད་དབང་ཡོངས་རྫོགས་ཕག་མོ་གྲུ་པའི་དབང་གྲགས་པ་རྒྱལ་མཚན་ལ་རྩིས་ཕུལ་སྐབས་ཕག་གྲུའི་ཁོངས་གཏོགས་གཞིས་ཀ་སྣེའུ་རྩེ་པའི་གཡོག་བྱས་ཏེ་ལས་དོན་གོ་ཆོད་བྱུང་སྟབས་ཉང་བྲན་དགའ་ལྡན (དེང་སང་ལྷ་སའི་ཉེ་འདབས་ཉང་བྲན་ནང་སྟེ་ཁ་སྐད་ལ་ཉང་རལ་ཟེར་བ་དེ་ཡིན) གྱི་མི་དཔོན་དུ་བསྐོ་གཞག་བྱུང་བར་བརྟེན་དེའི་མི་རྒྱུད་རྣམས་ལ་སྐྱིད་ཤོད་དགའ་ལྡན་པའི་མིང་ཐོགས་པའི་རྒྱུ་མཚན་དེ་ལྟར་ཡིན།

language:
Tibetan