- skyid shod zhabs drung a khu bkra shis
- ID:
- T224368
- སྐྱིད་ཤོད་ཞབས་དྲུང་ཨ་ཁུ་བཀྲ་ཤིས (Tibetan, Tibetan script, Original)
- > skyid shod zhabs drung a khu bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyi shö shyab drung akhu tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྐྱིད་ཤོད[དགའ་ལྡན་པའི་སྡེ་པ་བཀྲ་ཤིས་རབ་བརྟན་ལ་ཟེར། སྐྱིད། ཤོད་དགའ་ལྡན་པའི་ནང་སོ་ཆུང་བ་བསོད་ནམས་ལ་བུ་གསུམ(ཆེ་བ་ར་ནུ་ལྷ་སྲུང་ངམ་དམག་དཔོན་བསོད་ནམས། རྒྱལ་པོ། འབྲིང་བ་ནང་སོ་དོན་གྲུབ་རྒྱལ་པོ། ཆུང་བ། བཀྲ་ཤིས་རབ་བརྟན)བྱུང་བའི་ཆུང་བ་ཡིན། རབ་བྱུངཟློདགུ་པའི་ལྕགས་ཡོས(༡༥༣༡)ལོར་བྱེ་རི་སྟག་རྩེའི་ཀབཞིར་འཁྲུངས། རབ་བྱུང་དགུ་པའི་ཤིང་ཡོས(༡༥༥༥)ལོར་ཡར་རྒྱབ་པས་སྣེ་གདོང་སྡེ་སྲིད་ལ་ངོ་ལོག་སྟེ་དམགདྲངས་ནས་གྲ་ཕྱི་ལྷུན་གྲུབ་གླིང་བཟུང་བ་བཅས་ལ་བརྟེན། གཞིས་ཀ་བྲག་དཀར་ཁོངས་གཏོགས་རྣམས་སྐྱིད་ཤོདདགའ་ལྡན་པར་འཛིན་བདག་ཆོག་པའི་དབང་ཆ་སྤྲད་དེ་སྐྱིད་ཤོད་ཀྱི་དམག་དཔུང་རྣམས་ལྷོ་ཁར་དྲངས་ཏེ་ཡརརྒྱབ་པའི་དཔུང་རྣམས་ཕྱིར་འབུད་ཀྱི་བྱས་རྗེས་བཞགརབ་བྱུང་བཅུ་པའི་ས་འབྲུག(༡༥༦༨)ལོར་སྐྱིད་ཤོདདགའ་ལྡན་པའི་ནང་སོ་དོན་གྲུབ་རྒྱལ་པོ་འདས་རྗེས་སྐྱིད་ཤོད་དགའ་ལྡན་པའི་སྲིད་འཛིན་གྱི་འགན་ཁུར་བྱས། རབ་བྱུང་བཅུ་པའི་ས་ཡོས(༡༥༧༨)ལོར་བྲག་དཀར་བའི་ལྕམ་རིན་ཆེན་རྒྱལ་མོ་འདས་པའི་དགེ་སྒྲུབ་ཀྱི་ཆེད་དུ་དགའ་ལྡན་དངུལ་གདུང་གི་སྒོ་རྒྱན་གསེར་སྦྱངས་ལས་གྲུབ་པ་གསར་བཟོ་དང་། རབ་བྱུང་བཅུ་པའི་ལྕགས་སྦྲུལ་(༡༥༨༡)ལོར་ལྷ་ས་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་དབུ་ཐོག་གི་རྒྱ་ཕིབས་གསར་བཟོ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབསརྗེས་ཕྱག་མཛོད་ཆོས་བཟང་འཕྲིན་ལས་ཀྱིས་འབྲས་སྤུངས་དགའ་ལྡན་ཕོ་བྲང་རྒྱ་བསྐྱེད་འཛུགས་སྐྲུན་གྱི་སྐབས་དངོས་པོའི་མཐུན་རྐྱེན་དང་འུ་ལག་གང་དགོས་ཀྱི་རོགས་རམ་རྒྱ་ཆེ། ལྷ་ས་སྐྱིད་ཆུའི་ཆུ་རགས་ཉམས་གསོ་ཆེན་པོའི་སྐབས་རང་ཉིད་ངོ་མས་ལས་གྲྭའི་བརྐོད་འདོམས་དང་ཆབས་ཅིག་ལས་མི་དང་མཉམ་དུ་ངལ་རྩོལ་ལ་ཞུགས་པ་སོགས་སྡེ་དཔོན་གཞན་དག་དང་མི་འདྲ་བའི་དམིགས་བསལ་གྱིའཇོན་ཐང་ཆེ་བས་དུས་སྐབས་དེར་དཔོན་འབངས་ཚང་མའི་མིག་དཔེར་འོས་པ་བྱུང་འདུགདགུང་གྲངས་ང་དགུ་པ་རབ་བྱུང་བཅུ་པའི་ས་གླང(༡༥༨༩)ལོར་འདས། འདིའི་ལོ་རྒྱུས་སྐོར《སྐྱིད་ཤོད་དགའ་ལྡན་པའི་གདུང་རབས》བྲིས་མ་ལས་གསལ་བ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
སྐྱིད་ཤོད་དགའ་པའི་སྡེ་པ་བཀྲ་ཤིས་རབ་བརྟན་ལ་ཟེར། སྐྱིད་ཤོད་དགའ་ལྡན་པའི་ནང་སོ་ཆུང་བ་བསོད་ནམས་ལ་བུ་གསུམ (ཆེ་བ་ར་ནུ་ལྷ་སྲུང་ངམ་དམག་དཔོན་བསོད་ནམས་རྒྱལ་པོ། འབྲིང་བ་ནང་སོ་དོན་གྲུབ་རྒྱལ་པོ། ཆུང་བ་བཀྲ་ཤིས་རབ་བརྟན) བྱུང་བའི་ཆུང་བ་ཡིན། རབ་བྱུང་དགུ་པའི་ལྕགས་ཡོས (༡༥༣༡) ལོར་བྱེ་རི་སྟག་རྩེའི་ཀ་བཞིར་འཁྲུངས། དགུང་གྲངས་ང་དགུ་པ་རབ་བྱུང་བཅུ་པའི་ས་གླང (༡༥༨༩) ལོར་འདས།
- language:
- Tibetan