Skip to main content Skip to search
skyid shod sho ma ra
ID:
T224369
  • སྐྱིད་ཤོད་ཤོ་མ་ར (Tibetan, Tibetan script, Original)
    • > skyid shod sho ma ra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyi shö sho ma ra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལ《དེབ་ཐེར་སྔོན་པོ》ལྕགས་དཔར་མའི་སྨད་ཆ་ཤོག་གྲངས༨༥༤མཁས་གྲུབ་ཁྱུང་པོརྣལ་འབྱོར་གྱི་རྣམ་ཐར་ཐད་སྟོད་ལུང་ཤོ་མ་རར་སྐོར་ནི་རྙུ་པའི་ཆོས་མ་ལུསྭ་པ་གསན་ཞེས་གསལ་ཞིང་། 《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ》ལྕགས་དཔར་མའི་ཤོག་གྲངས༢༡༧པའི་ནང་སྟག་ལུང་ཐང་པ་རིན་པོ་ཆེ་ཕག་མོགྲུ་ནས་སྟག་ལུང་དུ་ཕྱིར་ལོག་ཕེབས་པའི་ལམ་བར་ཤོ་མརའི་ཆོས་གྲྭ་ཆེན་པོར་མཁན་པོ་དགེ་བའི་བཤེས་གཉེན་སྟབས་ཀ་བ་ཆེན་པོའི་ཐུགས་སྲས་ཞང་བཞིའི་ཡ་གྱལ་ཤོ་མ་ར་པ་ལུང་སྡེ་སྣོད་གསུམ་དང་། མངོན་རྟོགས་བསླབ་པགསུམ་གྱི་མངའ་བདག་གནས་བརྟན་ཆེན་པོ་བགྲེས་པའི་མཐར་སོན་པ་ཞིག་གི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེསཚུལ་གསལ་བ་གའིར་བཟུང་ན་སྐབས་དེར་སྟོད་ལུང་ཤོ་མ་རར་དགོན་པ་ཆེན་པོ་ཞིག་ཡོད་འདུག་ཀྱང་རྗེས་སུ་རབབྱུང་གསུམ་པའི་ལྕགས་བྱི(༡༢༤༠)ལོར་ཡོན་རྒྱལ་རབས་ཀྱི་དམག་དཔོན་དོར་རྟའི་དམག་དཔུང་བོད་དུ་ཡོང་སྐབས་བྱང་རྒྱུད་ཀྱི་དགོན་པ་མང་པོ་གཏོར་སྐབས་རྩ་མེད་སོང་བ་ཡིན་ནམ་སྙམ་ཞིང་། རྗེས་སུ་ཉེ་དུས་གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རྩོམ་སྒྲིག་གི་ལས་དོན་ལ་ཞུགས་སྐབས་བྱང་རྒྱུད་ས་གནས་ཁག་ལ་རྟོག་ཞིབ་གནང་མཁན་འབྲེལ་ཡོད་ཞིབའཇུག་པ་ཁག་གཅིག་གིས་གསུངས་པར། ཤར་སྐྱིད་མོདང་ནུབ་ཕོད་མདོ་བཅས་འཁེལ་བའི་བར་གྱི་ས་གནསདེར་ཤོ་མ་ར་ཟེར་བའི་ས་མིང་དེང་སང་ཡང་བསྡད་འདུག་ཅེས་གོ་ཐོས་བྱུང་བ་འདིར་དཔྱད་གཞིར་བརྐོད།

language:
Tibetan

2. Thupten Phuntsok Dictionary

སྟག་ལུང་ཐང་པ་རིན་པོ་ཆེ་ཕག་མོ་གྲུ་ནས་སྟག་ལུང་དུ་ཕྱིར་ལོག་ཕེབས་པའི་ལམ་བར་ཤོ་མ་རའི་ཆོས་གྲྭ་ཆེན་པོར་མཁན་པོ་དགེ་བའི་བཤེས་གཉེན་སྟབས་ཀ་བ་ཆེན་པོའི་ཐུགས་སྲས་ཞང་བཞིའི་ཡ་གྱལ་ཤོ་མ་ར་པ་ལུང་སྡེ་སྣོད་་དང་། མངོན་རྟོགས་བསླབས་པ་གསུམ་གྱི་མངའ་བདག་གནས་བརྟན་ཆེན་པོ་བགྲེས་པའི་མཐར་སོན་པ་ཞིག་གི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས་ཚུལ་གསལ་བ་གཞིར་བཟུང་ན་སྐབས་དེར་སྟོད་ལུང་ཤོ་མ་རར་དགོན་པ་ཆེན་པོ་ཞིག་ཡོད་འདུག་ཀྱང་རྗེས་སུ་རབ་བྱུང་གསུམ་པའི་ལྕགས་བྱི (༡༤༠) ལོར་ཡོན་རྒྱལ་རབས་ཀྱི་དམག་དཔོན་དོར་རྟའི་དམག་དཔུང་བོད་དུ་ཡོང་སྐབས་བྱང་རྒྱུད་ཀྱི་དགོན་པ་མང་པོ་གཏོར་སྐབས་རྩ་མེད་སོང་བ་ཡིན།

language:
Tibetan