Skip to main content Skip to search
skyid gshongs mkhan chen blo gros phyogs las rnam rgyal
ID:
T224370
  • སྐྱིད་གཤོངས་མཁན་ཆེན་བློ་གྲོས་ཕྱོགས་ལས་རྣམ་རྒྱལ (Tibetan, Tibetan script, Original)
    • > skyid gshongs mkhan chen blo gros phyogs las rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyi shong khenchen lodrö chok lé namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ཉིད་རབ་བྱུང་བརྒྱད་པའི་ཤིང་གླང་(༡༥༠༥)ལོར་འདར་སྐྱིད་གཤོངས་སུ་སྐུ་བལྟམས། དགུང་ལོ་བཅོ་བརྒྱད་པ་ལ་མ༡ན་ཡོད་དུ་ལྕགས་ཐང་ཆོས་རྗེའི་དྲུང་དུ་མདོ་ཕྱོགས་ལ་སྦྱངས་པ་མཛད། དེ་ནས་རྗེ་བློ་གསལ་རྒྱ་མཚོ་དང་རྗེ་ཀུན་དགའ་གྲོལ་མཆོག་གཉིས་ཀྱི་དྲུང་ནས་སྔགས་ཀྱི་ཟབ་དོན་མང་དུ་གསན། དགུངགྲངས་ཉི་ཤུ་རྩ་ལྔ་པ་ལ་དཔལ་འཁོར་བདེ་ཆེན་དང་ཉེརདྲུག་པ་ལ་བྱང་ངམ་རིངས་སུ་ཆོས་སྐོར་མཛད་པས་སྙན་གྲགས་ཆེས་ཆེར་ཁྱབ། དགུང་གྲངས་ཉེར་བདུན་པ་ལ་དཔལ་ཆོས་འཁོར་གླིང་གི་བཤད་གྲྭ་ལོ་བཅུ་བསྐྱངས་ཏེམདོ་སྔགས་ཀྱི་བསྟན་པ་སྤེལ། དགུང་གྲངས་སོ་བརྒྱད་པ་ལ་མ༡ན་ཡོད་གདན་སའི་སེང་ཁྲིར་ཕེབས་ནས་ལོ་བརྒྱད་རིང་ལུང་རིགས་ཀྱི་བསྟན་པ་བསྐྱངས། དགུང་ལོ་འེབརྒྱད་པ་ལ་ངམ་རིངས་ཆོས་སྡེའི་དབུ་མཛད། དེ་ནས་ཆོས་ཀྱི་རྒྱལ་པོ་ཚེ་དབང་རྡོ་རྗེ་ཡབ་སྲས་ཀྱི་བཀས་སྐུལ་བབཞིན་ཡ་ཀ་ཆོས་སྡིངས་ཀྱི་བཤད་གྲྭ་ལོ་བདུན་བསྐྱངས། དགུང་ལོ་ལྔ་བཅུ་ང་ལྔ་པ་ལ་གནས་བཟང་གཉག་ཕུར་གདན་ཕབ་སྟེ་ཟབ་དོན་ཉམས་སུ་བཞེས། དགུང་ལོ་དྲུག། ཅུ་རེ་གཅིག་པ་ཤིང་གླང(༡༥༦༥)ལོར་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་སྐུ་མཆེད་ཀྱིས་དཔལ་ངམ་རིངསཀྱི་མཁན་པོར་མངའ་གསོལ་ཏེ་ཆོས་ཀྱི་འཁོར་ལོ་སྐོར་བར་མཛད། མཐར་དགུང་གྲངས་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་པའི་ཤིང་བྱ(༡༥༨༥)ལོའི་བོད་ཟླ་གསུམ་པའི་ཚེས་ཉི་ཤུ་དགུ་ཉིན་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དགཞིང་དུ་ཀཤེགས།

language:
Tibetan

2. Thupten Phuntsok Dictionary

འདི་ཉིད་རབ་བྱུང་བརྒྱད་པའི་ཤིང་གླང་ (༡༥༠༥) ལོར་འདར་སྐྱིད་གཤོངས་སུ་སྐུ་བལྟམས། དགུང་ལོ་བཅོ་བརྒྱད་པ་ལ་མཉན་ཡོད་དུ་ལྕགས་ཐང་ཆོས་རྗེའི་དྲུང་དུ་མདོ་ཕྱོགས་ལ་སྦྱངས་པ་མཛད། མཐར་དགུང་གྲངས་གྱ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་པའི་ཤིང (༡༥༨༥) ལོའི་བོད་ཟླ་གསུམ་པའི་ཚེས་ཉི་ཤུ་དགུ་ཉིན་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དག་ཞིང་དུ་གཤེགས།

language:
Tibetan