- skyu ra'i rigs sngags 'chang ba
- ID:
- T224383
- སྐྱུ་རའི་རིགས་སྔགས་འཆང་བ (Tibetan, Tibetan script, Original)
- > skyu ra'i rigs sngags 'chang ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyu ré rik ngakchang ba (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་བསྟན་པ་སྔདར་གྱི་མཇུག་ཙམ་ལ་བར་ཁམས་ལྡན་ཡུལ་དུ་ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་ཞེས་སྔ་འགྱུར་གྱི་སྔགས་འཆང་ཞིག་བྱུང་བ་དེ་དང་སྙ་ནམ་བཟའ་ཆོས་ཀྱི་སྒྲོལ་མ་ཞེས་པའི་བུ་མོ་རྫུ་འཕྲུལ་ཅན་ཞིག་ཇོ་མོར་བླངས་པ་དེ་ལས་སྲས་བཞི་འཁྲུངས་རྗེས་ཡུམ་དེ་སྤྲུལ་པ་བསྡུས་ནས་འབྲི་གུང་བཀའབརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བཀའ་སྲུང་དུ་གྱུར་པ་དེར་ཡོངས་གྲགས་སུ་འབྲི་གུང་ཨ་ཕྱི་ཞེས་འབོད་པའི་ལོ་རྒྱུས་ཡོད་པ་དེ་ཡིན། ཞིབ་པར་འབྲི་གུང་གདན་རབས་ཉེརབརྒྱད་པ་བསྟན་འཛིན་པདྲའི་རྒྱལ་མཚན་གྱིས་མཛདཔའི《འབྲི་གུང་གདན་རབས་གསེར་ཕྲེང》ལྕགས་དཔརམའི་ཤོག་གྲངས༦༩ནས་གྲངས༦༨བར་གསལ་བ་དེརགཟིགས།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་བསྟན་པ་སྔ་དར་གྱི་མཇུག་ཙམ་ལ་བར་ཁམས་ལྡན་ཡུལ་དུ་ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསང་སྔགས་སྔ་འགྱུར་གྱི་སྔགས་འཆང་ཞིག་བྱུང་བ་དེ་དང་སྙ་ནམ་བཟའ་ཆོས་ཀྱི་སྒྲོལ་མ་ཞེས་པའི་བུ་མོ་རྫུ་འཕྲུལ་ཅན་ཞིག་ཇོ་མོར་བླངས་པ་དེ་ལས་སྲས་རྨང་གཞིའི་ལྷུ་ལག་འཁྲུངས་རྗེས་ཡུམ་དེ་སྤྲུལ་པ་བསྡུས་ནས་འབྲི་གུང་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བཀའ་སྲུང་དུ་གྱུར་པ་དེར་ཡོངས་གྲགས་སུ་འབྲི་གུང་ཨ་ཕྱི་ཞེས་འབོད་པའི་ལོ་རྒྱུས་ཡོད་པ་དེ་ཡིན།
- language:
- Tibetan