- skye rgu rnams kyi tshe lo
- ID:
- T224396
- སྐྱེ་རྒུ་རྣམས་ཀྱི་ཚེ་ལོ (Tibetan, Tibetan script, Original)
- > skye rgu rnams kyi tshe lo (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyegu nam kyi tselo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ནང་པ་སངས་རྒྱས་ཆོས་ལུགསཀྱིབཤད་སྲོལ་ལ། འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ཚདཧྥུརིང་ཐུང་ངེས་པ་མེད་པ་སྔར་བསྐལ་པ་ཡ་ཐོག་གི་སྐབས་མི་ཡི་ཆ་སྙོམས་ཀྱི་ཚེ་ཚད་ལོ་ཁྲི་བརྒྱད་ཐུབ་པ་ཡང་བྱུངམྱོང་ཞིང་། ཚེ་ལོ་མར་འགྲིབ་ཀྱི་སྐབས་ཚེ་རིང་ཤོས་ལ་ལོ་བཅུ་མ་གཏོགས་མེད་པ་ཡང་འབྱུང་རྒྱུ་ཡོད་པ་དང་། ཚེ་ལོ་བརྒྱད་ཁྲི་ནས་རིམ་བའིན་ཚེ་ཐུང་དུ་སོང་སྐབས་ལོབརྒྱ་ཐམ་པའི་ཐོག་ལོ་རེ་རེ་ཉུང་དུ་འགྲོ་བ་ཡིན་ཅིང་། དེ་ཡང་ལོ་བརྒྱ་ནས་ལོ་རེ་རེའི་ནང་ཞག་གསུམ། ཆུ་ཚོད་སོ་དགུཆུ་སྲང་དགུདབུགས་བཞི། དབུགས་ཀྱི་བརྒྱ་ཆ་བཞི་བཅུ་ཞེ་དྲུག་རེ་ཐུང་དུ་སོང་བ་ཡིན་པས་དེབསགས་ན་ལོ་བརྒྱ་འདས་དུས་ལོ་གཅིག་ཧྲིལ་པོ་ཐུང་དུསོང་བ་དང་། དགའ་ལྡན་ཁྲི་ཐོག་བཅུ་བཞི་པ་རིན་ཆེན་འོད་ཟེར་མཆོག་གིས་རབ་བྱུང་དགུ་པའི་མེ་བྱི(༡༥༡༦)ལོར《བསྟན་རྩིས་གསལ་བའི་ཉིན་བྱེད》བརྩམས་གནངམཛད་སྐབས་མིའི་ཚེ་ཚད་དོན་དྲུག་པའི་སྐབས་དང་དེནས་ལོ་དྲུག་ཅུ་རེ་དགུ་སོང་བ་རབ་བྱུང་བཅུ་པའི་མེ་ཁྱི་(༡༥༨༦)ལོར་སླེབས་པ་ན་ཚེ་ཚད་དོན་དྲུག་པ་རྫོགསནས་དོན་ལྔ་པའི་འགོ་ཚུགས་པར་གསུངས་པ་ལྟར་རྩིས་ན། རབ་བྱུང་བཅུ་གཅིག་པའི་ཤིང་གླང(༡༦༨༥)ལོ་བར་ལོ་བརྒྱ་སོང་ཞིང་། ཚེ་ཚད་དོན་ལྔ་པའི་མཇུག་རྫོགས། དེའི་ཕྱི་ལོ་མེ་སྟག(༡༦༨༦)ལོ་ནས་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ(༡༧༨༥)ལོ་བར་ལོ་བརྒྱ་སོང་ཞིང་ཚེ་ཚདདོན་བཞི་པ་མཇུག་རྫོགས། དེའི་ཕྱི་ལོ་མེ་རྟ(༡༧༨༦)ལོ་ནས་རབ་བྱུང་བཅོ་ལྔ་པའི་ཤིང་བྱ(༡༨༨༥)ལོར་ལོ་བརྒྱ་སོང་འིང་ཚེ་ཚད་དོན་གསུམ་པ་མཇུག་རྫོགས། དེའི་ཕྱི་ལོ་མེ་ཁྱི(༡༨༨༦)ནས་རབ་བྱུང་བཅུ་དྲུག་པའི་ཤིངགླང(༡༩༨༥)ལོར་ལོ་བརྒྱ་སོང་ཞིང་ཚེ་ཚད་དོན་གཉིས་པ་མཇུག་རྫོགས་སྟེ་ཕྱི་ལོ་མེ་སྟག(༡༩༨༦)ནས་ད་ལྟ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ(༡༩༩༠)ལོའི་བར་ཚེཚད་དོན་གཅིག་པ་འགོ་ཚུགས་ནས་ལོ་ལྔ་སོང་ཞིང་། འབྱུང་འགྱུར་ལོ་དགུ་བཅུ་གོ་ལྔ་པ་རབ་བྱུང་བཅོ་བརྒྱད་པའི་ཤིང་སྦྲུལ(༢༠༨༥)ལོར་ལོ་བརྒྱ་ཐམ་པ་སོང་ཞིང་། ཚེ་ཚད་དོན། གཅིག་པ་མཇུག་རྫོགས་པ་བཅས་སོ། །དེ་ཡང་མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ལགས།
- language:
- Tibetan
2. Thupten Phuntsok Dictionary
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ཚད་རིང་ཐུང་ངེས་མེད་པ་སྔར་བསྐལ་པ་ཡ་ཐོག་གི་སྐབས་མི་ཡི་ཆ་སྙོམས་ཀྱི་ཚེ་ཚད་ལོ་ཁྲི་བརྒྱད་ཐུབ་པ་ཡང་བྱུང་མྱོང་ཞིང་། ཚེ་ལོ་མར་འགྲིབ་ཀྱི་སྐབས་ཚེ་རིང་ཤོས་ལ་ལོ་བཅུ་མ་གཏོགས་མེད་པ་ཡང་འབྱུང་རྒྱུ་ཡོད་པ་དང་། ཚེ་ལོ་བརྒྱད་ཁྲི་ནས་རིམ་བཞིན་ཚེ་ཐུང་དུ་སོང་སྐབས་ལོ་བརྒྱ་ཐམ་པའི་ཐོག་ལོ་རེ་རེ་ཉུང་དུ་འགྲོ་བ་ཡིན་ཅིང་། དེ་ཡང་ལོ་བརྒྱ་ནས་ལོ་རེ་རེའི་ནང་ཞག་གསུམ། ཆུ་ཚོད་སོ་དགུ ཆུ་སྲང་དགུ དབུགས་བཞི། དབུགས་རྒྱ་ཆ་བཞི་བཅུ་ཞེ་དྲུག་རེ་ཐུང་དུ་སོང་བ་ཡིན་པས་དེ་བསགས་ན་ལོ་བརྒྱ་འདས་དུས་ལོ་གཅིག་ཧྲིལ་པོ་ཐུང་དུ་སོང་བའོ། །
- language:
- Tibetan