- skye 'chi la rang dbang thob pa
- ID:
- T224403
- སྐྱེ་འཆི་ལ་རང་དབང་ཐོབ་པ (Tibetan, Tibetan script, Original)
- > skye 'chi la rang dbang thob pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyechila rangwang toppa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རང་དབང་ཡོད་པའི་སྒོ་ནས་སྐྱེ་བ་ལེན་པ་དང་རང་དབང་ཡོད་པའི་སྒོ་ནས་འཆི་ཐུབ་པའི་དོན་ཏེ། ནང་པ་སངས་རྒྱས་ཆོས་ལུགས་ཀྱིགསང་སྔགས་ཀྱི་ལམ་ལ་བརྟེན་ནས་རླུང་སེམས་གཉིས་ལརང་དབང་ཐོབ་པ་ཞིག་ཡིན་ན། རང་ཉིད་འཆི་དགོས་པའི་དུས་ལ་བབས་པ་ན་འཆི་བ་འོད་གསལ་དེ་ལམ་གྱི་འོད་གསལ་དང་བསྲེས་ནས་མཉམ་པར་བཞག་སྟེ། མ༡མབཞག་དེ་ལས་ལངས་པ་དང་རང་ཉིད་སྐྱེ་བ་ལེན་པའི་ཕ་མ་དང་། ཡུལ་སོགས་བདམས་ནས་རང་སྟོབས་ཀྱིས་སྐྱེ་བ་ལེན་ཐུབ་པ་དེ་རབ་དང་། འབྲིང་ཞིག་ཡིན་ན་རང་ཉིདའཆི་བའི་དུས་ལ་བབས་པ། འཕོ་བའི་ཐབས་ཤེས་ལབརྟེན་ནས་འཆི་བ་མངོན་དུ་བྱས་ཏེ་རང་ཉིད་གང་འདོད་པའི་དག་པའི་ཞིང་དང་གནས་ཡུལ་སོགས་སུ་སླར་ཡངརང་སྟོབས་ཀྱིས་སྐྱེ་བ་ལེན་ཐུབ་པ་ཞིག་ཡིན་པར་ཁས་ལེན།
- language:
- Tibetan
2. Thupten Phuntsok Dictionary
རང་དབང་ཡོད་པའིསྒོ་ནས་སྐྱེ་བ་ལེན་པ་དང་རང་དབང་ཡོད་པའི་སྒོ་ནས་འཆི་ཐུབ་པའི་དོན་ཏེ། ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་རླུང་སེམས་གཉིས་ལ་རང་དབང་ཐོབ་པ་ཞིག་ཡིན་ན། རང་ཉིད་འཆི་དགོས་པའི་དུས་ལ་བབས་པ་ན་འཆི་བ་འོད་གསལ་དེ་ལམ་གྱི་འོད་གསལ་དང་བསྲེས་ནས་མཉམ་པར་བཞག་སྟེ། མཉམ་བཞག་དེ་ལས་ལངས་པ་དང་རང་ཉིད་སྐྱེ་བ་ལེན་པའི་ཕ་མ་དང་། ཡུལ་སོགས་བདམས་ནས་རང་སྟོབས་ཀྱིས་སྐྱེ་བ་ལེན་ཐུབ་པ་དེ་རབ་དང་། འབྲིང་ཡིན་ན་རང་ཉིད་འཆི་བའི་དུས་ལ་བབས་པ། འཕོ་བའི་ཐབས་ཤེས་ལ་བརྟེན་ནས་འཆི་བའི་དུས་ལ་བབས་པ། འཕོ་བའི་ཐབས་ཤེས་ལ་བརྟེན་ནས་འཆི་བ་མངོན་དུ་བྱས་ཏེ་རང་ཉིད་གང་འདོད་པའི་དག་པའི་ཞིང་དང་གནས་ཡུལ་སོགས་སུ་སླར་ཡང་རང་སྟོབས་སྐྱེ་བ་ལེན་ཐུབ་པ་ཞིག་ཡིན་པར་ཁས་ལེན།
- language:
- Tibetan