Skip to main content Skip to search
skyed tshal klu lding
ID:
T224443
  • སྐྱེད་ཚལ་ཀླུ་ལྡིང (Tibetan, Tibetan script, Original)
    • > skyed tshal klu lding (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyetsal lu ding (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྐྱེདཚལ་ཀླུསྡིངས་ཞེསཀྱང་འབྲི་སྲོལ་འདུགསྐྱེད་ཚལ་ཀླུ་ལྡིང་ནི་ལྷ་སའི་ནུབ་པ་རི་ཁུག་དོནགཅོད་ཁང་ཁོངས་སུ་གཏོགས་ཤིང་། ལྷ་ས་གྲོང་ཁྱེར་ནས་འབྲས་སྤུངས་སུ་འགྲོ་བའི་ལམ་བརྒྱུད་དུ་གླིང་ཁ་ལྕགས་རི་དང་བཅས་པ་ཡོད། དེ་ནི་ཐོག་མ་རྒྱལ་དབང་ལྔ་པ་ངགདབང་བློ་བཟང་རྒྱ་མཚོའི་འཁྲུངས་ལྷ་གསོལ་ཡུལ་གྱི་སགནས་མཛད། དེ་རྗེས་ནུབ་ཕྱོགས་སུ་སྐུ་འཁྲུངས་པའིརྒྱལ་དབང་ན་རིམ་གྱི་འཁྲུངས་ལྷ་གསོལ་ཡུལ་ཡིན། ལྷ་ཁང་དུ་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་གཅིག་བཅའ་བཞུགས་མཛད་པ་དང་། ལོ་ལྟར་འཁྲུངས་གསོལ་གནངགི་ཡོད། གཞན་ཡང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཕེབས་སྐབས་གནས་འདིརཕེབས་བསུ་ཕེབས་སྐྱེལ་གྱི་གྲ་སྒྲིག་ཞུ་ཡུལ་པས་ཅས་ཡིན། དེར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་ནས་ངལ་གསོགནང་ཡུལ་བཞུགས་ཁྲི་དང་ཆིབས་སྟེགས་བཅས་ཡོད།

language:
Tibetan

2. Thupten Phuntsok Dictionary

སྐྱེད་ཚལ་ཀླུ་སྡིངས་ཞེས་ཀྱང་འབྲི་སྲོལ་འདུག སྐྱེད་ཚལ་ཀླུ་ལྡིངས་ནི་ལྷ་ས་གྲོང་ཁྱེར་ནས་འབྲས་སྤུངས་སུ་འགྲོ་བའི་ལམ་བརྒྱུད་དུ་གླིང་ཁ་ལྕགས་རི་དང་བཅས་པ་ཡོད། དེ་ནི་ཐོག་མ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་འཁྲུངས་ལྷ་གསོལ་ཡུལ་གྱི་ས་གནས་མཛད། དེར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་ནས་ངལ་གསོ་གནང་ཡུལ་བཞུགས་ཁྲི་དང་ཆིབས་སྟེགས་བཅས་ཡོད་དོ། །

language:
Tibetan