Skip to main content Skip to search
skyes mchog don grub rin chen
ID:
T224470
  • སྐྱེས་མཆོག་དོན་གྲུབ་རིན་ཆེན (Tibetan, Tibetan script, Original)
    • > skyes mchog don grub rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyechok döndrub rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་བསྟན་པའི་མེས་པོ་འདི་ཉིད་རབ་བྱུང་ལྔ་པའི་ས་བྱ(༡༣༠༠)ལོར་སྐུ་འཁྲུངས། སྐུ་འཁྲུངས་པའི་ཡུལ་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་དང་སྣང་ར་སོགས་ངོས་འཛིན་ཚུལ་སྣ་ཚོགས་པ་ཡོད། སྐུ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་དབུས་གཙང་དུ་བྱོན། སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་ལྡོང་སྟོན་རིགས་པའི་སེང་གེ་བླ་མ་ཡེ་ཤེས་དཔལ། མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མངདུ་གསན། ཕར་ཕྱིན་དང་བྱམས་ཆོས་ཐམས་ཅད་མཁས་པར་གྱུར། དེ་ནས་གཙང་གི་སྣར་ཐང་ཆོས་གྲྭར་བྱོན་ཏེ་བཅོམ་ལྡན་རིགས་རལ་གྱི་བུ་ཆེན། བཅོམ་ལྡན་པ་རང་གི་གདན་ས་བ་ལྡོང་སྟོན་རིགས་པའི་སེང་གེ་ལས་ཚད་མ་རྣམ་ངེས་གསན། རིག་པའི་གནས་ལ་ཐོགས་པ་མེད་པར་གྱུར་ནས་རྩོད་པ་བཟང་པོའི་མཆོག་ཏུ་གྲགས་པ་བྱུང་། ཞ་ལུར་གྲྭ་སྐོར་ལ་བྱོན་པ་ན་བུ་སྟོན་རིན་པོ་ཆེ་དང་ཆོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ཏེ་ཤར་ཕྱོགས་པ་རིགཔའི་དཔའ་བོ་ཞེས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས། དེ་ནས་རོང་དུ་བྱོན་ཏེ་རོང་གི་བླ་མ་ཡེ་ཤེས་དཔལ་པའི་དྲུངནས་གཤེད་སྐོར་སྤྱི་དང་། ཁྱད་པར་འཇིགས་བྱེད་ཀྱིདབང་དང་། རྒྱུད་འགྲེལ་གྱི་བཤད་པ། མན་ངག་ཐམས་ཅད་ལེགས་པར་གསན་ནས་ཐུགས་སུ་ཆུད། དེ་ནས་ཨམདོར་ཕེབས་ནས་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛདདེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། འཆད་ཉན་གྱིབསྟན་པ་སྤེལ། དེ་རྗེས་གདན་དྲངས་པ་ལྟར་དབུས་སུ་ཕེབས། ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་བྱོན་ཏེསྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཞི་གནས་ཀྱི་མྱོང་བ་ཁྱད༌པར་ཅན་འཁྲུངས། མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་། གྲགས་པའི་དྲུང་དུ་ཆོས་གསན་པའི་སྐབས་ཤིག་བླ་མསཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། བྲག་བྱ་ཁྱུང་དུ་འབོད་པར་སྒྲུབ་པ་ཉམས་བཞེས་ལ་འབད་པ་གྱིས། ། དེ་དུས་ཁྱོད་ལ་སློབ་མ་མང་དུ་འདུག་ཀྱང་འགྲན་ཟླ་དང་བྲལ་བ་གཅིག་བྱུང་བས་དེ་རབ་ཏུ་བྱུང་དུས་ངའི་མིང་འདི༌ཐོགས་ཞེས་ལུང་བསྟན་བྱུང་བས། བླ་མའི་བཀའ་བཞིན་དུ་ཨ་མདོ་ལ་བྱོན། ཐོག་མར་ཤ་སྦྲང་དགོན་ཕྱག་བཏབ། །སེ་གུབྱ་ཁྱུང་དུ་རི་ཁྲོད་བཟུང་། སྣང་རའི་ཀསེར་ཁངབཞེངས། རབ་བྱུང་དྲུག་པའི་ས་གླང(༡༣༤༩)ལོར་བྱ་ཁྱུང་དགོན་པ་ཕྱག་བཏབ། གྲྭ་ཆོགས་བརྒྱ་ཕྲག་བརྒལ་བ་འདུས་ཏེ་བཤད་གྲྭ་རྒྱ་ཆེན་མཛད། རྗེ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་པའི་ཚེ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་མངགས་ནས་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་རྟེན་གསུམ་གྱི་ཆུན་པོ་དང་། བུ་ཆུང་དོ་དམ་བྱེད་ལུགས་ཀྱི་ཕྱག་བྲིས་བཅས་ཡབ་ཡུམ་ལ་བསྐུར་གནང་མཛད། ཆུ་སྟག(༡༣༦༢)ལོར་རྗེ་ཙོང་ཁ་པ་ལ་བདེ་མཆོག་དང་། ཀྱེ་རྡོར། ་འཁོར་ཆེན། རྩེ་མོ་སོགས་རྒྱུད་སྡེ་གོང་འོག་དུ་མའི་དབངབསྐུར་ཏེ་གསང་མཚན་དོན་ཡོད་རྡོ་རྗེར་གསོལ། ཆུཡོས(༡༣༦༣)ལོར་རྗེ་ཙོང་ཁ་པ་ལ་དགེ་ཚུལ་བསྒྲུབས་ཏེབློ་བཟང་གྲགས་པར་མཚན་གསོལ། ཆུ་གླང(༡༣༧༣)ལོར་རྗེ་ཙོང་ཁ་པ་དབུས་སུ་ཕེབས་པའི་རྫོང་བརྡ་གནང་། rདགུང་ལོ་དོན་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་གླང(༡༣༨༥)ལོར་སྐུ་མྱ་ངན་ལས་འདས།

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་བསྟན་པའི་མེས་པོ་འདི་ཉིད་རབ་བྱུང་ལྔ་པའི་ས་བྱ (༡༣༠༠) ལོར་སྐུ་འཁྲུངས། སྐུ་འཁྲུངས་པའི་ཡུལ་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་དང་སྣང་ར་སོགས་ངོས་འཛིན་ཚུལ་སྣ་ཚོགས་པ་ཡོད། དགུང་ལོ་དོན་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་གླང (༡༣༨༥) ལོར་སྐུ་མྱ་ངན་ལས་འདས།

language:
Tibetan