Skip to main content Skip to search
skyes mchog bsam gtan dpal ba
ID:
T224471
  • སྐྱེས་མཆོག་བསམ་གཏན་དཔལ་བ (Tibetan, Tibetan script, Original)
    • > skyes mchog bsam gtan dpal ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyechok samten palwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཕྱག་རྒྱ་ཆེན་པོ་ད་འཛིན་མཚན་སྙན་ཆེ་བ་ཞིག་ཡིན། རབ་བྱུང་ལྔ་པའི་ལྕགས་ཡོས(༡༢༩༡)ལོར་ཡར་འབྲོགསྦྲང་མདར་འཁྲུངས། ཡབ་ཡུམ་གྱི་མཚན་མི་གསལ། །དང་པོ་སྐུ་ན་ཆུང་དུས་ཇོ་སྟན་ཚོགས་ཆེན་པའི་གྲྭ་ཁྲོད་ན་ཡོད། རང་ཉིད་ཀྱི་མཁན་པོའི་ཞབས་ཕྱིར་ཕེབས་པའིསྐབས་ཤིག་མཁན་པོ་ཆིབས་བརྡབས་བྱུང་ནས་སྐུ་གཤེགས་པའི་རྐྱེན་གྱིས་ཐུགས་སྐྱོ་ནས་རྒྱ་བྲག་ཆོས་རྗེ་ཡེ་ཤེས་གཞོན་ནུ་འཕན་ཡུལ་དུ་བཞུགས་པའི་དྲུང་དུ་ཕེབས་ནས་ཆོསགསན། དཀའ་སྤྱད་ཆེར་མ་དགོས་པར་ཉམས་རྟོགསབཟང་པོ་འཁྲུངས། སྐུ་ཚེའི་རིང་གནས་ངེས་མེད་ཀྱི་རིཁྲོད་དུ་བཞུགས་ནས་གཙོ་བོར་སྒོམ་སྒྲུབ་མཛད་ཅིང་། ཞར་བྱུང་དུ་དད་ལྡན་སློབ་མ་མང་པོར་ཕྱག་རྒྱ་ཆེན་པོའིཁྲིད་གསུངས་པས་ཁོང་བཞུགས་སའི་རི་ཁྲོད་ཀྱི་ཡས་མསགང་སར་རང་ཤོང་གི་སྤྱིལ་བུས་ཁེངས་པ་བྱུང་། ནོརདངོས་པོའི་འབུལ་བ་ཚད་མེད་པ་བྱུང་ཡང་སྣེ་གཅིགབདག་འཛིན་མ་གནང་བར་ཆོས་ཕྱོགས་བླ་སློབ་ཐམས་ཅད་ཀྱི་འཚོ་བ་སློང་མོ་ལ་བརྟེན་པ་མ་གཏོགས་དགོན་པའི་ཆེད་དུ་ས་ཞིང་སྦར་མཐིལ་གང་ཙམ་ཡང་བདག་འཛིན་མེདཔར་ཡབ་ཆོས་སྡིངས་དང་སྒོ་མོ་ཆོས་སྡིངས་གཉིས་ཀྱི་འཚོ་བརྟེན་ཡང་རང་ཉིད་ཀྱི་བསོད་སྙོམས་ལ་བརྟེན་ནས་བགོ་བཤའ་གནང་། ཆོས་ལུགས་གཞན་དག་གང་ལ་ཡངཆགས་སྡང་ཕྱོགས་རིས་སུ་བཅད་པའི་གླེང་མོལ་ནམ་ཡངམི་གསུང་བ་སོགས་མཛད་པ་ངོ་མཚར་བ་བཞུགས། དགུང་ལོ་དོན་དྲུག་པ་རབ་བྱུང་དྲུག་པའི་མེ་རྟ(༡༣༦༦)ལོར་སྐུ་གཤེགས། དམ་པ་འདིའི་རྣམ་ཐར་ལོ་རྒྱུས་མདོར་བསྡུས་ཙམ་གོང་གསལ《དེབ་སྔོན》ལྕགས་དཔར་མ་སྨདཆའི་ཤོག་གྲངས༡༠༣༤ནས༡༠༣༦བར་གསལ།

language:
Tibetan

2. Thupten Phuntsok Dictionary

ཕྱག་རྒྱ་ཆེན་པོ་སྐམ་ལུགས་ཀྱི་བརྒྱུད་འཛིན་མཚན་སྙན་ཆེ་བ་ཞིག་ཡིན། སྐུ་ཚེའི་རིམ་གནས་ངེས་མེད་ཀྱི་རི་ཁྲོད་དུ་བཞུགས་ནས་གཙོ་བོར་སྒོམ་སྒྲུབ་མཛད་ཅིང་། ཞར་བྱུང་དུ་དད་ལྡན་སློབ་མ་མང་པོར་ཕྱག་རྒྱ་ཆེན་པོའི་ཁྲིད་གསུངས་པས་ཁོང་བཞུགས་སའི་རི་ཁྲོད་ཀྱི་ཡས་མས་གང་སར་རང་ཤོང་གི་སྤྱིལ་བུས་ཁེངས་པ་བྱུང་། ནོར་དངོས་པོའི་འབུལ་བ་ཚད་མེད་པ་བྱུང་ཡང་སྣེ་གཅིག་བདག་འཛིན་མ་གནང་བར་ཆོས་ཕྱོགས་བླ་སློབ་ཐམས་ཅད་ཀྱི་འཚོ་བ་སློང་མོ་ལ་བརྟེན་པ་མ་གཏོགས་དགོན་པའི་ཆེད་དུ་ས་ཞིང་སྤར་མཐིལ་གང་ཙམ་ཡང་བདག་འཛིན་མེད་པར་ཡབ་ཆོས་སྡིངས་དང་སྒོ་མོ་ཆོས་སྡིངས་གཉིས་ཀྱི་འཚོ་བརྟེན་ཡང་རང་ཉིད་ཀྱི་བསོད་སྙོམས་ལ་བརྟེན་ནས་བགོ་བཤའ་གནང་། ཆོས་ལུགས་གཞན་དག་གང་ལ་ཡང་ཆགས་སྡང་ཕྱོགས་སུ་བཅད་པའི་གླེང་མོལ་ནམ་ཡང་མི་གསུང་བ་སོགས་མཛད་པ་ངོ་མཚར་བ་བཞུགས། དགུང་ལོ་དོན་དྲུག་པ་རབ་བྱུང་དྲུག་པའི་མེ་རྟ (༡༣༦༦) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་ལྔ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ 1291 ལོར་ཡར་འབྲོག་བྲང་མདའ་ལ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1366 ལོར་སྐུ་གཤེགས། ཁོང་དང་པོར་རབ་ཏུ་བྱུང་ནས་[128]དམ་ཆོས་མང་དུ་གསན། དེ་ནས་འཕན་ཡུལ་དུ་ཕེབས་ཤིང་རྒྱ་བྲག་ཆོས་རྗེ་ཡེ་ཤེས་གཞོན་ནུ་དང་མཇལ་བ་ཙམ་གྱིས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། དོན་བརྒྱུད་ཀྱི་ཁྲིད་རྣམས་ཞུས་ནས་རྟོགས་པ་ཕུན་སུམ་ཚོགས་པ་སྐྱེས། བླ་མ་ལ་ཡང་སངས་རྒྱས་སུ་མཐོང་། དེ་ནས་དཀའ་བ་མང་པོ་སྤྱད་མ་དགོས་པར་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་ཏེ། གང་དང་གང་དུ་བྱོན་པ་དེ་དང་དེ་ཐམས་ཅད་དུ་གདུལ་བྱའི་འུར་ལངས། ཟས་ནོར་གྱི་དཔུང་འདུས། ཙ་རིང་བྱོན་པས་ཀྱང་དག་པའི་སྣང་བ་མཐའ་ཡས་པ་གཟིགས། དབེན་གནས་གང་དང་གང་དུ་བཞུགས་པ་ཐམས་ཅད་དུ་ཟབ་མོའི་ཁྲིད་ཀྱིས་བསྐྱངས། དུས་ཕྱིས་སུ་ཡབ་ཆོས་སྡིངས་དང་སྒོ་མོ་ཆོས་སྡིངས་གཉིས་ཉིན་གཅིག་ལ་གསར་འདེབས་མཛད་ཅིང་རྟོགས་ལྡན་ཕོ་མོ་བགྲང་གིས་མི་ལངས་པ་འདུས། རིའི་རྩ་བ་ཐམས་ཅད་དུ་སྤྱིལ་བོས་བཀང་། ནོར་ལོངས་སྤྱོད་ལ་ཕྱག་ཏུ་མི་འོང་བྱ་བ་མེད་ཀྱང་ཁབ་དང་སྐུད་པ་ཙམ་ཡང་བདག་ཏུ་མི་འཛིན། དཔོན་སློབ་ཐམས་ཅད་བསོད་སྙོམས་ཀྱིས་འཚོ་བ་མ་གཏོགས་དགོན་པའི་གཞི་རྐྱེན་དུ་ཞིང་ཕྱར་བ་ཙམ་ཡང་མི་འཛིན། ཆོས་ལུགས་གང་ལ་ཡང་ཚིག་གཅིག་ཀྱང་མི་སྨོད། ཕྲད་པའི་སྐྱེ་བོ་རབ་ཏུ་བྱུང་བ་ལྟ་ཞོག ཁྱིམ་པ་ལ་ཡང་དག་སྣང་སྒོམ་པའོ། དེ་ནས་བསྟན་འགྲོའི་དོན་ཆེན་རྣམས་ལེགས་པར་གྲུབ་ཅིང་དགུང་ལོ་བདུན་ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གུ་རུ་དཀོན་མཆོག་གཞོན་ནུ་དང་། ཆོས་རྗེ་འཕེལ་གཡག་པ་བསམ་གཏན་ལྷུན་གྲུབ་བཅས་ཡིན་ནོ།། [129]

language:
Tibetan